101050

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྲུལ་པའི་མཆོད་རྟེན་ (1)
Part of speech མིང་ཚིག
Definition སྤྲུལ་པའི་མཆོད་རྟེན་ནི། སྟོན་པ་ཤཱཀྱ་ཐུབ་པ་ལོ་དྲུག་དཀའ་བ་སྤྱད་པའི་རྗེས་སམ་མངོན་པར་རྫོགས་པ་སངས་མ་རྒྱས་པའི་སྔོན་དུ་བྱུང་བར་གྲགས་པའི་མཆོད་རྟེན་ཞིག་སྟེ། གསང་སྔགས་ལུང་གི་བང་མཛོད་ལས། དེ་ནས་ཆུ་བོ་ནཻ་ར་ཉྫཱ་ནཱའི་འགྲམ་དུ་སངས་རྒྱས་དཀར་རྒྱལ་ལ་བྱའི་དཀའ་ཐུབ་དང་ཆུའི་ཏིང་ངེ་འཛིན་གཉིས་ལ་མནོས་པས་དགུང་ལོ་དྲུག་ཏུ་དཀའ་ཐུབ་མཛད་དེ༔ ལོ་གཉིས་སུ་ཅི་ཡང་མ་གསོལ༔ ལོ་གཉིས་སུ་ཆབ་ཐིགས་པ་རེ་རེ་གསོལ༔ ལོ་གཉིས་སུ་འབྲས་ཉག་མ་རེ་ལས་མ་གསོལ་ཡང་༔ སྐུ་དྲི་མ་མི་མངའ་སྟེ༔ དགུང་ལོ་དྲུག་ན་རྒྱལ་པོའི་སྐུ་གསེར་གྱི་གཏན་པ་ཕྱིས་པའི་ཚུལ་དུ༔ ཤཱཀྱ་ཐུབ་པ་མཚན་གྱི་མེ་ཏོག་ལ་དཔེ་བྱད་ཀྱིས་འབྲས་བུས་བརྒྱན་པ༔ ཕྱག་མཚན་དུ་སྤར་བུ་དང་གསེག་ཤང་དང་པོ་ཏི་བསྣམས་པ་ཞིག་ཏུ་བྱུང་ངོ་༔ དེའི་དུས་སུ་སྤྲུལ་པའི་མཆོད་རྟེན་བྱུང་ངོ་༔ ཞེས་གསུངས།
Domain ཆོས་ལུགས།

{{#arraymap:སྤྲུལ་པའི་མཆོད་རྟེན་

|; |@@@ | | }}