101061

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྲུལ་པའི་སྡེ་བརྒྱད་ (1)
Part of speech མིང་ཚིག
Definition སྔགས། རྙིང་མ། སྤྲུལ་པའི་སྡེ་བརྒྱད་ནི། དཔུང་གཡས་དགྲ་ལྷར་སྤྲུལ་པ་དང་། དཔུང་གཡོན་མ་མོར་སྤྲུལ་པ། མཆུ་སོ་བདུད་དུ་སྤྲུལ་པ། མགོ་བོ་སྲིན་པོར་སྤྲུལ་པ། མཇུག་མ་དམུ་རུ་སྤྲུལ་པ། ལག་གཡས་གཤིན་རྗེར་སྤྲུལ་པ། ལག་གཡོན་ཀླུ་བཙན་དུ་སྤྲུལ་པ། མིག་སྙིང་མཚན་མ་གསུམ་གཟའ་བདུད་ཉིད་དུ་སྤྲུལ་པ་བཅས་བརྒྱད་དེ། སྡེ་བརྒྱད་བཅོས་ཐབས་ལས། དཔུང་གཡས་དགྲ་ལྷར་སྤྲུལ་པ་དང་། །དཔུང་གཡོན་མ་མོར་སྤྲུལ་པ་དང་། །མཆུ་སོ་བདུད་དུ་སྤྲུལ་པ་དང་། །མགོ་བོ་སྲིན་པོར་སྤྲུལ་པ་དང་། །མཇུག་མ་དམུ་རུ་སྤྲུལ་པ་དང་། །ལག་གཡས་གཤིན་རྗེར་སྤྲུལ་པ་དང་། །ལག་གཡོན་ཀླུ་བཙན་སྤྲུལ་པ་དང་། །མིག་དང་སྙིང་དང་མཚན་མ་གསུམ། །གཟའ་བདུད་ཉིད་དུ་སྤྲུལ་པ་སོགས། །སྤྲུལ་པའི་སྡེ་བརྒྱད་འཁོར་བཅས་ལ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:སྤྲུལ་པའི་སྡེ་བརྒྱད་

|; |@@@ | | }}