101066

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྲུལ་བའི་ལམ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ངོ་བོ་ནི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པའི་རང་བཞིན་དུ་བཤད་དོ། །སྒོམ་པ་པོའི་གང་ཟག་ནི། མཛོད་ལས། མིའི་རྟེན་ཅན་དུ་བཤད་ནས་སྒྲུབ་བྱེད་ལུང་གི་མཐུས་བསྐྱེད་པའི་ཕྱིར་ཞེས་གསུངས་པ་ནི། གཙོ་ཆེ་བ་ལ་དགོངས་ཀྱི་སྒྲ་ཇི་བཞིན་པ་མ་ཡིན་ཏེ། འདོད་པའི་ལྷས་ཀྱང་ལུང་གི་མཐུས་བསྐྱེད་ནུས་པའི་ཕྱིར། དེས་ན་སའི་དངོས་གཞི་ལས་འདོད་པའི་རྟེན་ཅན་ཞེས་སྤྱིར་བཟུང་བ་ལྟར་ཡིན་ནོ། །ས་གང་ལ་བརྟེན་པ་ནི། མཛོད་ལས། རྣམ་ཐར་དང་པོ་གཉིས་འདོད་པ་དང་། བསམ་གཏན་དང་པོའི་ཁ་དོག་གི་འདོད་ཆགས་ཀྱི་གཉེན་པོར་བསམ་གཏན་དང་པོ་གཉིས་ལ་རིམ་པ་བཞིན་དུ་བརྟེན་པར་གསུངས་སོ། །ཀུན་ལས་བཏུས་ལས། བསམ་གཏན་ལ་བརྟེན་པར་གསུངས་ཀྱི། དང་པོ་དང་གཉིས་པ་ལ། བརྟེན་པ་སོགས་ཀྱི་དམིགས་གསལ་མ་གསུངས་པས། བཞི་ཀ་ལ་བརྟེན་པར་འདོད་པ་མངོན་ནོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། །
Domain ཆོས་ལུགས།

{{#arraymap:སྤྲུལ་བའི་ལམ་

|; |@@@ | | }}