101068

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྲུལ་སེམས་ (1)
Part of speech མིང་ཚིག
Definition མདོ། མངོན་པ། སྤྲུལ་པ་སྤྲུལ་འདོད་པའི་སེམས་ཏེ། དེ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན་གཉིས་ཏེ། སྒོམ་བྱུང་གི་སྤྲུལ་སེམས་དང་། སྐྱེས་སྟོབས་ཀྱི་སྤྲུལ་སེམས་སོ། ། དོན་གཅིག་ལ། སྒོམ་བྱུང་གི་སྤྲུལ་སེམས་དང། སྤྲུལ་སེམས་སོ། །
Domain ཆོས་ལུགས།

{{#arraymap:སྤྲུལ་སེམས་

|; |@@@ | | }}

སྤྲུལ་སེམས་ (2)
Part of speech མིང་ཚིག
Definition སྤྲུལ་སེམས་ནི་མངོན་ཤེས་ཁོ་ན་ལ་བྱེད་པ་མ་ཡིན་ཏེ། མངོན་ཤེས་ཀྱི་འབྲས་བུར་ཡོད་པའི་སྤྲུལ་སེམས་གཅིག་ལ་བྱེད་པ་ཡིན་པའི་ཕྱིར། དེ་ལ་ཡང་བཅུ་བཞི་ཡོད་དེ། བསམ་གཏན་དང་པོའི་འབྲས་བུར་གྱུར་པའི་འདོད་ཁམས་དང་། བསམ་གཏན་དང་པོོའི་སས་བསྡུས་པ་གཉིས་ནས་བསམ་གཏན་བཞི་པའི་ལྔའི་བར་དུ་མས་རིམ་བཞིན་དུ་སྤྲུལ་པ་ཡིན་པའི་ཕྱིར། དེས་ན་འོག་སའི་འབྲས་བུར་གྱུར་པའི་སྤྲུལ་སེམས་གོང་ས་ལས་སྐྱེ་བ་མི་སྲིད་དེ། འོག་ས་ལ་བརྟེན་ནས་གོང་སར་སྤྲུལ་ནུས་པ་མ་ཡིན་པའི་ཕྱིར། སྤྲུལ་སེམས་རྙེད་ཚུལ་ཡོད་དེ། སྤྲུལ་སེམས་དེ་ནི་བསམ་གཏན་དག་པ་པ་ལ་བརྟེན་ནས་སྐྱེ་ཞིང་རྒྱུན་གྱི་ཚེ་རང་ས་ལས་སྐྱེ་ལ་ལྡང་བའི་ཚེ་དག་པ་པ་ལས་སྐྱེ་བའི་ཕྱིར། སྤྲུལ་སེམས་གང་གིས་སྤྲུལ་པ་ཡང་ཡོད་དེ། སྤྲུལ་པ་ཐམས་ཅད་ཀྱང་རང་གི་ས་པའི་སྤྲུལ་སེམས་ཀྱིས་སྤྲུལ་པར་བྱེད་ཀྱི་ས་གཞན་གྱི་སྤྲུལ་སེམས་ཀྱིས་ས་གཞན་གྱི་སྤྲུལ་པ་བྱེད་པ་མ་ཡིན་པའི་ཕྱིར། འོན་ཀྱང་སྤྲུལ་པ་སྨྲར་འཇུག་པ་ནི་ས་འོག་མའི་སེམས་ཀྱིས་ཀྱང་བྱེད་པ་ཡོད་པའི་ཕྱིར། ཀྱང་སྒྲའི་དོན་ཡོད་དེ། འདོད་པ་དང་བསམ་གཏན་དང་པོའི་ས་པའི་སྤྲུལ་པ་ནི་རང་སའི་སེམས་ཁོ་ནས་སྨྲར་འཇུག་པར་བསྟན་པའི་ཕྱིར།

{{#arraymap:སྤྲུལ་སེམས་

|; |@@@ | | }}