101069

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྲུལ་སེམས་བཅུ་བཞི་ (1)
Part of speech མིང་ཚིག
Definition མདོ། མངོན་པ། སེར་སྨད་རྒྱལ་དབང་མཛོད་ལས། མངོན་ཤེས་ཁོ་ནས་སྤྲུལ་པ་སྤྲུལ་པར་བྱེད་དམ་ཞེ་ན། མ་ཡིན་ཏེ། མངོན་ཤེས་ཀྱི་འབྲས་བུ་སྤྲུལ་སེམས་ཀྱིས་སྤྲུལ་པ་ཡིན་ལ། སྤྲུལ་སེམས་དེ་ལ་བཅུ་བཞི་ཡོད་དེ། བསམ་གཏན་དང་པོའི་འབྲས་བུ་སྤྲུལ་སེམས་ལ་འདོད་པའི་སྤྲུལ་སེམས་དང་བསམ་གཏན་དང་པོའི་སྤྲུལ་སེམས་གཉིས། བསམ་གཏན་གཉིས་པའི་འབྲས་བུ་ལ་འོག་ས་གཉིས་དང་རང་ས་སྟེ་གསུམ། གསུམ་པའི་འབྲས་བུ་ལ་འོག་ས་གསུམ་དང་རང་ས་སྟེ་བཞི། བཞི་པའི་འབྲས་བུ་འོག་ས་བཞི་དང་རང་ས་སྟེ་ལྔ་བཅས་བསྡོམས་པས་བཅུ་བཞིའོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:སྤྲུལ་སེམས་བཅུ་བཞི་

|; |@@@ | | }}