101070

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྲུལ་སྐུ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ལོངས་སྐུའི་བདག་རྐྱེན་བྱས་པ་ལས་བྱུང་ཞིང་གདུལ་བྱ་སོ་སྐྱེས་ལས་དག་ཡན་ཆད་ལ་སྣང་ནས་འགྲོ་བའི་དོན་མཛད་པའི་སངས་རྒྱས་ཀྱི་སྐུ་ཞིག་ལ་སྐབས་འདིར་སྤྲུལ་སྐུ་ཞེས་བརྗོད་པ་ཡིན། མཚན་ཉིད་ནི། པཎ་ཆེན་གྱི་ཕར་ཕྱིན་སྤྱི་དོན་ལས། བཞི་པ་སྤྲུལ་བའི་སྐུའི་ངོ་བོ་བཞག་ཏུ་ཡོད་དེ། ངེས་པ་ལྔ་དང་མི་ལྡན་པའི་གཟུགས་སྐུ་མཐར་ཐུག་ཅིག་ལ་འཇོག་པའི་ཕྱིར། ཞེས་དང། པཎ་ཆེན་གྱི་ཕར་ཕྱིན་མཐའ་དཔྱོད་ལས། ངེས་པ་ལྔ་དང་མི་ལྡན་པའི་གཟུགས་སྐུ་ཆོས་ཅན། སྤྲུལ་སྐུའི་མཚན་ཉིད་ཡིན་ཏེ། དེའི་འཇོག་བྱེད་ཡིན་པའི་ཕྱིར། ཞེས་གསུངས། །
Keyword True
Domain ཆོས་ལུགས།

{{#arraymap:སྤྲུལ་སྐུ་

|; |@@@ | | }}

སྤྲུལ་སྐུ་ (2)
Part of speech མིང་ཚིག
Definition ཁྱད་པར་བཞི་དང་ལྡན་པའི་སངས་རྒྱས་ཀྱི་གཟུགས་སྐུ་མཐཪ་ཐུག་དེ། སྤྲུལ་སྐུའི་མཚན་ཉིད། ཁྱད་པར་བཞི་ནི། གདུལ་བྱ་ཐར་པའི་ལམ་ལ་སྦྱོར་བ། ཐེག་ཆེན་དུ་སྨིན་པར་བྱེད་པ། བྱང་ཆུབ་ཏུ་ལུང་སྟོན་པ་སྟེ། འབྲས་བུའི་ཁྱད་པར་གསུམ་དང། རྒྱུའི་ཁྱད་པར་ལོངས་སྐུའི་དབང་གིས་བྱུང་བའོ། ། དབྱེ་ན། དྲི་ཟའི་རྒྱལ་པོ་རབ་དགའ་འདུལ་བའི་དོན་དུ་དྲི་ཟར་སྐྱེ་བ་བཞེས་པ་ལྟ་བུ་བཟོའི་སྤྲུལ་པ་དང། སེམས་ཅན་གྱི་དོན་དུ་རི་དྭགས་རུ་རུར་སྐྱེ་བ་བཞེས་པ་ལྟ་བུ་སྐྱེ་བའི་དང། ཤཱཀྱ་ཐུབ་པ་ལྟ་བུ་མཆོག་གི་སྤྲུལ་སྐུ་དང་གསུམ་མོ་ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། ། སྤྲུལ་སྐུ་ནི། ཞི་བའི་ལམ་སྟོན་པ་དང། གདུལ་བྱ་སྨིན་པར་བྱེད་པ་དང། ལུང་སྟོན་པར་བྱེད་པ་དང། གཞན་གྱི་རྣམ་རིག་ལ་སྣང་བ་དང་མཚན་ཉིད་བཞི་ལྡན་ནོ། །དེ་དག་ཐམས་ཅད་རྒྱུད་བླ་ལས་བཤད་དོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། །
Keyword True

{{#arraymap:སྤྲུལ་སྐུ་

|; |@@@ | | }}

སྤྲུལ་སྐུ་ (3)
Part of speech མིང་ཚིག
Definition སྤྲུལ་སྐུའི་མཚན་ཉིད་ནི། སེམས་ཅན་གྱི་དོན་དུ་གང་ལ་གང་འདུལ་གྱི་སྐུར་སྟོན་ཞིང། ལོངས་སྐུའི་སྤྲུལ་གཞི་བྱས་པ་ལས་བྱུང་བའོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཀུན་མཁྱེན་བླ་མའི་དགོངས་དོན་རབ་གསལ་ལས་སོ། །

{{#arraymap:སྤྲུལ་སྐུ་

|; |@@@ | | }}

སྤྲུལ་སྐུ་ (4)
Part of speech མིང་ཚིག
Definition སངས་རྒྱས་ཀྱི་སྐུ་བཞི་ཡི་ནང་ཚན་ཞིག་སྟེ། སྐུ་ཡི་རྣམ་པ་སྣ་ཚོགས་ཀྱིས་གདུལ་བྱ་སྐྱེ་འཕགས་མཐའ་དག་ལ་མངོན་སུམ་དུ་སྣང་བའི་སྒོ་ནས་འགྲོ་བའི་དོན་མཛད་ནས་སྲིད་པར་སྐྱེ་བ་བཟུང་བའི་གཟུགས་ཀྱི་སྐུ་ཞིག དེ་ཡང་། པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། ངེས་པ་ལྔ་དང་མི་ལྡན་པའི་གཟུགས་སྐུ། སྤྲུལ་སྐུའི་མཚན་ཉིད།
Keyword True

{{#arraymap:སྤྲུལ་སྐུ་

|; |@@@ | | }}

སྤྲུལ་སྐུ་ (5)
Part of speech མིང་ཚིག
Definition གནས་ངེས་པ་སོགས་ངེས་པ་ལྔ་དང་མི་ལྡན་པའི་མཐར་ཐུག་པའི་གཟུགས་སྐུ་དེ་ལ་སྤྲུལ་སྐུ་ཞེས་ཟེར་བ་ཡིན་ཏེ། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་དགའ་བྱང་ཡིག་ཆ་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་དོན་འགྲེལ་རྒྱལ་ཚབ་དགོངས་པ་རབ་གསལ་བློ་གསལ་གྱི་མགུལ་རྒྱན་ལས། ངེས་པ་ལྔ་དང་མི་ལྡན་པས་རབ་ཏུ་ཕྱེ་བའི་མཐར་ཐུག་གི་གཟུགས་སྐུ་དེ། སྤྲུལ་སྐུའི་མཚན་ཉིད། ཅེས་གསུངས་པའི་ཕྱིར།

{{#arraymap:སྤྲུལ་སྐུ་

|; |@@@ | | }}

སྤྲུལ་སྐུ་ (6)
Part of speech མིང་ཚིག
Definition ལོངས་སྐུ་དང་སྤྲུལ་སྐུ་གང་རུང་ཡང་ཡིན། ངེས་པ་ལྔ་དང་མི་ལྡན་པ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ་དེ། སྤྲུལ་སྐུའི་མཚན་ཉིད་ཡིན།

{{#arraymap:སྤྲུལ་སྐུ་

|; |@@@ | | }}

སྤྲུལ་སྐུ་ (7)
Part of speech མིང་ཚིག
Definition ལོངས་སྤྲུལ་གང་རུང་ཡང་ཡིན། ངེས་པ་ལྔ་མི་ལྡན་པ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་གཟུགས་སྐུ་མཐར་ཐུག་སྤྲུལ་སྐུའི་མཚན་ཉིད་ཡིན། དེ་ལ་དབྱེ་ན། བཟོ་བོ་སྤྲུལ་སྐུ། སྐྱེ་བ་སྤྲུལ་སྐུ། མཆོག་གི་སྤྲུལ་སྐུ་དང་གསུམ་ཡོད། བདག་ཅག་གི་སྟོན་པས་དྲི་ཟའི་རྒྱལ་པོ་རབ་དགའི་ཚུལ་དུ་བཟུང་བའི་སྤྲུལ་སྐུ་དེ་དང་པོ་ཡིན། དེས་རི་དྭགས་རུ་རུའི་ཚུལ་བཟུང་བའི་སྤྲུལ་སྐུ་དེ་གཉིས་པ་ཡིན། མཛད་པ་བཅུ་གཉིས་གང་རུང་གི་ཚུལ་ལ་གནས་པའི་སྤྲུལ་སྐུ་དེ་གསུམ་པ་ཡིན་ཏེ། དེ་ལྟར་ཡང་རྒྱུད་བླ་མ་ལས། བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། །མྱ་ངན་འདས་པ་རྟག་སྟོན་པ། །སངས་རྒྱས་སྤྲུལ་པའི་སྐུ་དེ་ནི། །རྣམ་པར་གྲོལ་བའི་ཐབས་ཆེན་པོ། ཞེས་གསུངས་པའི་ཕྱིར།

{{#arraymap:སྤྲུལ་སྐུ་

|; |@@@ | | }}

སྤྲུལ་སྐུ་ (8)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། སྤྲུལ་སྐུ་ནི། སྐུ་ལྔའི་ཡ་གྱལ་ཏེ། སྡོམ་གསུམ་རྣམ་ངེས་ཀྱི་མཆན་འགྲེལ་རིག་འཛིན་འཇུག་ངོགས་ལས། དེ་ལ་སྐུ་ལྔ་ནི། ཆོས་ཐམས་ཅད་མཚན་མ་མེད་པར་ཐུགས་སུ་ཆུད་པའི་སྤྲོས་བྲལ་གྱི་ཡེ་ཤེས་རང་བཞིན་རྣམ་དག་མངོན་དུ་གྱུར་པའི་ཆ་ནི་ཆོས་སྐུ། དེའི་རྩལ་ལས་སྣང་བ་དག་པ་རབ་འབྱམས་སུ་ཤར་བའི་ཆ་ནི་ལོངས་སྐུ། དེ་ལས་དག་མ་དག་གི་གདུལ་བྱ་རྣམས་ལ་རང་རང་གི་མོས་པ་བཞིན་གང་ལ་གང་འདུལ་དུ་སྣང་བའི་ཆ་ནི་སྤྲུལ་པའི་སྐུ། ཞེས་གསུངས་སོ། །

{{#arraymap:སྤྲུལ་སྐུ་

|; |@@@ | | }}