101077

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྲུལ་སྐུ་རཏྣ་གླིང་པའི་རྣམ་པར་ཐར་པ་ (1)
Part of speech མིང་ཚིག
Definition རྣམ་པར་ཐར་པ་བྱིན་རླབས་རྒྱ་མཚོའི་སྤྲིན་ཕུང་མི་ནུབ་པའི་རྒྱལ་མཚན། ཞེས་པ་སྟེ། འདིའི་ནང་དོན་ནི། འདས་པའི་རྣམ་པར་ཐར་པས་ངོ་མཚར་ཡིད་ཆེས་བསྐྱེད་པ་མདོར་བསྟན་པ་དང། ད་ལྟར་གྱི་རྣམ་པར་ཐར་པས་ཡ་མཚན་བསམ་གྱིེས་མི་ཁྱབ་པ་རྒྱས་པར་བཤད་པ་དང། མ་འོངས་པའི་རྣམ་པར་ཐར་པ་ཟབ་ཅིང་རྒྱ་ཆེ་བས་དོན་བསྡུ་བ་བཅས་ས་བཅད་གསུམ་གྱིས་བསྡུས་ཏེ་བསྟན་ཡོད་པ་ལས། ས་བཅད་དང་པོར་གཏེར་སྟོན་དེ་ཉིད་སྔོན་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་མགདྷ་དང་བེཏའི་ཡུལ་དུ་སྐྱེ་བ་བཞེས་ནས་ཚོགས་གཉིས་བསྐྲུན་ཚུལ་དང་། ཤཱཀྱ་ཐུབ་པའི་བསྟན་པ་འདི་ལ་ཝ་རཱ་ཎ་སཱིར་སྐྱེ་བ་གཉིས་ཙམ་ཚངས་སྤྱོད་སྡོམ་པ་སྲུང་བའི་བྲམ་ཟེའི་ལུས་བཟུང་ནས་ཐུབ་པ་ལས་དམ་ཆོས་གསན་ཚུལ། གུ་རུ་རིན་པོ་ཆེ་ཟ་ཧོར་རྒྱལ་པོས་གསོན་སྲེག་མཛད་པའི་ཚེ་བྲམ་ཟེའི་བུ་མོ་ཙ་སྒྲོན་ཞེས་པར་སྐྱེ་བ་བཞེས་དུས་གུ་རུ་ཡབ་ཡུམ་འབྱུང་བའི་གནོད་པ་དང་བྲལ་བ་ལ་དད་པ་དྲག་པོ་སྐྱེས་ནས་སྨོན་ལམ་བཏབ་པས་སྐྱེ་བ་ཐམས་ཅད་དུ་ཉམས་དང་རྨི་ལམ་མངོན་སུམ་ཅི་རིགས་པར་རྗེས་སུ་བཟུང་ཚུལ། དེ་རྗེས་གུ་རུ་བོད་དུ་ཕེབས་ཚེ་གཙང་གནུབས་ཡུལ་དུ་གུ་རུའི་ལུང་བསྟན་བཞིན་ལངས་འགྲོ་དཀོན་མཆོག་འབྱུང་གནས་ཞེས་པ་རྒྱལ་པོའི་ནང་བློན་མཛད་པ་སོགས་སྐྱེ་བ་དུ་མར་བརྒྱུད་ཚུལ་བསྟན་པ་དང་། ས་བཅད་གཉིས་པར་སྨོན་ལམ་ལུང་བསྟན་དང་འབྲེལ་བས་ཇི་ལྟར་སྐུ་འཁྲུངས་ཚུལ་དང་། ཐ་མལ་སྦས་ཚུལ་གྱི་སྤྱོད་པ་བསྟན་ཚུལ། ཟབ་མོ་གཏེར་ཁའི་ལུང་བསྟན་ཐོབ་ཅིང་ཞལ་བྱང་ཕྱག་ཏུ་ཇི་ལྟར་བཞེས་ཚུལ། གནས་གང་དང་གང་ནས་གཏེར་ཇི་ལྟར་བཞེས་ཚུལ། ཉམས་རྟོགས་བྱིན་རླབས་དང་ལྡན་པས་བུ་སློབ་བསྐྱངས་ཤིང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྒོ་ནས་རང་གཞན་གྱི་དོན་གཉིས་བསྒྲུབས་པའི་ཚུལ་བསྟན་པ་དང་། ས་བཅད་གསུམ་པར་གཏེར་སྟོན་ཆེན་པོ་དེ་ཉིད་མ་འོངས་ཕྱི་མའི་དུས་སུ་པདྨ་འོད་ཀྱི་གཞལ་ཡས་སུ་རིག་འཛིན་པདྨའི་ཞབས་དྲུང་དུ་དཔའ་བོ་རང་གྲོལ་རྩལ་ཞེས་རང་བཞིན་དག་པའི་ས་བཟུང་ནས་ཐུགས་རྗེ་དང་སྨོན་ལམ་ཀྱི་འབྲས་བུ་ལས་བྱུང་བས་བོད་ཡུལ་མཐའ་མཚམས་ཀུན་ཏུ་གུ་རུའི་ལུང་བསྟན་བཞིན་སྐྱེ་བའམ་སྤྲུལ་པ་བཞི་སྙིགས་དུས་འགྲོ་བའི་དོན་དུ་སྤྱོད་ལ། ནམ་ཞིག་ས་ལམ་ཡོངས་སུ་རྫོགས་ནས་བདེ་ཆེན་པདྨ་བཀོད་པའི་ཞིང་དུ་སངས་རྒྱས་པདྨ་ཅན་ཆེན་པོའི་ཞབས་དྲུང་དུ་ས་བཅུའི་བྱང་ཆུབ་སེམས་དཔར་གྱུར་ཏེ་རྒྱུན་གྱི་ཏིང་ངེ་འཛིན་དེ་ཉིད་ལས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སོགས་པ་བཅུ་དྲུག་པ་ཡེ་ཤེས་བླ་མའི་སར་ཚེ་རབས་ནས་འབད་པའི་འབྲས་བུ་མཐར་ཕྱིན་ཏེ་སྐུ་ལྔ་ཡེ་ཤེས་ལྷུན་གྱིས་གྲུབ་ཅིང་ཉི་མ་དང་འོད་ཟེར་བཞིན་གཟུགས་སྐུ་རྣམ་གཉིས་ཀྱིས་འགྲོ་བའི་དོན་རྒྱུན་མི་ཆད་པར་སྒྲུབ་ཚུལ་བསྟན་པ་བཅས་སོ། །

{{#arraymap:སྤྲུལ་སྐུ་རཏྣ་གླིང་པའི་རྣམ་པར་ཐར་པ་

|; |@@@ | | }}