101115

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྲེལ་གྱི་ཉི་མ་ (1)
Part of speech མིང་ཚིག
Definition ཉི་མ་བཅུ་གཉིས་ཀྱི་ནང་གསེས་ཤིག་སྟེ། དེའི་ཉིན་ནི་ཕོ་ཟླ་དྲུག་པོའི་ཚེས་བདུན་དང་། བཅུ་དགུ། མོ་ཟླ་དྲུག་པོའི་ཚེས་གཅིག བཅུ་གསུམ། ཉེར་ལྔ་བཅས་ཡིན། ཚེས་ཞེས་མིང་འདོགས་པའི་ཉི་མ་དེ་དག་ཏུ་ལས་ཀར་སྤང་བླང་བྱ་ཚུལ་ནི་ཉིན་སྣང་ལས་༼སྤྲེའུར་བག་མ་སྐྱེ་ཤིང་འཛུགས། །ལྡུམ་རར་བསྐྱེད་དང་རྒྱན་སྤྲོད་པ། །རོལ་རྩེད་དར་འཕྱར་ཇག་ཆོམས་བཟང་། །གོས་གསར་དྲ་གྱོན་བཟོ་རིག་དང་། །སྦྲ་འཚེམ་སྐྱེས་པ་ཕོ་ཆས་གཞུག ། མདུན་གྲོས་བྱེད་རྣམས་ངན་པས་སྤང་། །༽ཞེས་གསུངས་པ་ལྟར་དང་། བདུན་ཟུར་ཕྱོགས་བསྡེབས་ཀྱི་འབྲས་དཔྱད་དུ་མདུན་ཁྲོམ་ཀྱང་སྤང་དགོས་པར་གསུངས་འདུག
Domain རྩིས་རིག

{{#arraymap:སྤྲེལ་གྱི་ཉི་མ་

|; |@@@ | | }}