101117

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྲེལ་བུའི་དཀའ་ཐུབ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བོན། དཀའ་ཐུབ་གསུམ་གྱི་ནང་གསེས་སྤྲེལ་བུའི་དཀའ་ཐུབ་ནི། སྔོན་ཚེ་ལོ་བརྒྱ་པའི་སྟོན་པ་གཤེན་རབ་མི་བོས་འཁོར་བ་སྤངས་པའི་ཚུལ་མཛད་སྟེ། རྒྱལ་ཆེན་རིགས་བཞིའི་གནས་སུ་སྤྲེལ་བུའི་རྒྱལ་པོ་ཧ་ནུ་མ་ཧ་དང་ཐབས་གཅིག་ཏུ་བཞུགས་ཏེ་ཤིང་ཐོག་གི་འབྲུ་མ་རེ་དང་། ཤིང་ལོའི་སྟེང་དུ་ཁ་བ་ཆགས་པའི་ཆུ་ཐིགས་པ་རེ་གསོལ་ནས་སྤྲེལ་བུའི་དཀའ་ཐུབ་ལོ་གཅིག་མཛད་དོ། །ཞེས་མདོ་དྲི་མེད་གཟི་བརྗིད་ལས་གསུངས་པ་ལྟར་རོ། །
Domain ཆོས་ལུགས།

{{#arraymap:སྤྲེལ་བུའི་དཀའ་ཐུབ་

|; |@@@ | | }}