101161

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྲོད་ (1)
Part of speech བྱ་ཚིག
Definition ཚོང་དངོས་སོགས་ཀྱི་རིན་བབ་སྟེར་བ་དང་བྱིན་པའི་དོན།
Keyword True
Transitive བྱ་བྱེད་ཐ་དད་པ།
Future [སྤྲད།, ཤག་པོ་ལ་རྟ་རིན་སྤྲད་དགོས།]
Present [སྤྲོད།, འབྲུ་རིགས་ཀྱི་ཁྲལ་སྤྲོད་བཞིན་པ།]
Past [སྤྲད།, སྐྱིན་ཚབ་སྤྲད་ཟིན།]
Imperative [སྤྲོད།, བུ་ལོན་སྤྲོད་རོགས་ལྟ་བུ།]

{{#arraymap:སྤྲོད་

|; |@@@ | | }}

སྤྲོད་ (2)
Part of speech བྱ་ཚིག
Definition ལས་འགན་བཅོལ་བའི་དོན།
Keyword True
Future [སྤྲད།, གཞོན་རབས་པར་ལས་འགན་སྤྲད་ན་བཟང་།]
Present [སྤྲོད།, ཁྱིམ་བདག་གིས་བུ་ཕྲུག་དགེ་རྒན་ལ་སྤྲོད་བཞིན་ཡོད།]
Past [སྤྲད།, རྒྱལ་སྲས་ལ་འགན་དབང་ཡོངས་རྫོགས་སྤྲད།]
Imperative [སྤྲོད།, བུ་ལ་དབང་ཆ་སྤྲོད་ཅིག་ལྟ་བུ།]

{{#arraymap:སྤྲོད་

|; |@@@ | | }}

སྤྲོད་ (3)
Part of speech བྱ་ཚིག
Definition སྐྱེས་དང་བསྐུར་བའི་དངོས་རྫས་བྱིན་པའི་དོན།
Keyword True
Future [སྤྲད།, ཡི་གེ་འདི་མྱུར་དུ་སྤྲད་དགོས།]
Present [སྤྲོད།, འཕྲིན་ཡིག་སྤྲོད་བཞིན་ཡོད།]
Past [སྤྲད།, གྲོགས་པོར་ལེགས་སྐྱེས་སྤྲད་པ་ཡིན།]
Imperative [སྤྲོད།, ལོ་གསར་ལ་ལེགས་སྐྱེས་སྤྲོད་རོགས་ལྟ་བུ།]

{{#arraymap:སྤྲོད་

|; |@@@ | | }}

སྤྲོད་ (4)
Part of speech བྱ་ཚིག
Definition སྣོད་སོགས་ཀྱི་ཁ་སྒྲིག་པའི་དོན།
Future [སྤྲད།, རྫ་བུམ་གྱི་ཁ་སྤྲད་ན་ལེགས།]
Present [སྤྲོད།, མེ་མདའི་ཁ་སྤྲོད་བཞིན་པ།]
Past [སྤྲད།, ཕོར་བུའི་ཁ་སྤྲད་ཟིན།]
Imperative [སྤྲོད།, སྣོད་ཁ་ལེགས་པར་སྤྲོད་ཅིག་ལྟ་བུ།]

{{#arraymap:སྤྲོད་

|; |@@@ | | }}

སྤྲོད་ (5)
Part of speech བྱ་ཚིག
Definition གསལ་བཤད་བྱས་ནས་ཤེས་སུ་བཅུག་པའི་དོན།
Future [སྤྲད།, གནས་ལུགས་ངོ་སྤྲད་ན་གོ །]
Present [སྤྲོད།, བདེན་དོན་ངོ་སྤྲོད་མཁན་མཁས་པ་ཡིན།]
Past [སྤྲད།, ཡང་དག་པའི་གནས་ལུགས་ངོ་སྤྲད་ནས་ཤེས།]
Imperative [སྤྲོད།, བདེན་པ་ངོ་སྤྲོད་ཅིག་ལྟ་བུ།]

{{#arraymap:སྤྲོད་

|; |@@@ | | }}

སྤྲོད་ (6)
Part of speech བྱ་ཚིག
Definition ཕན་ཚུན་ཐུག་ཏུ་བཅུག་པའི་དོན།
Future [སྤྲད།, ཁ་གྱེས་པའི་གཉེན་གྲོགས་རྣམས་ངོ་སྤྲད་གལ་ཆེ།]
Present [སྤྲོད།, ཁྱེད་གཉིས་ངོ་སྤྲོད་མཁན་ང་ཡིན།]
Past [སྤྲད།, མ་བུ་ངོ་སྤྲད་ནས་ཧ་ཅང་དགའ།]
Imperative [སྤྲོད།, གྲོགས་པོ་ངོ་སྤྲོད་ཅིག་ལྟ་བུ།]

{{#arraymap:སྤྲོད་

|; |@@@ | | }}