101181

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྲོས་པའི་མཐའ་གཉིས་དང་བྲལ་བའི་དབུ་མ་ (1)
Part of speech མིང་ཚིག
Definition མདོ། དབུ་མ། ཇོ་ནང་། དབུ་མ་པ། བདག་དང་བདག་མེད་ཀྱི་མཐའ་གཉིས་དང་། སྲོག་དང་གང་ཟག་གི་མཐའ་གཉིས་དང་། མཚན་དང་མཚན་མེད་སོགས་ཀྱི་མཐའ་གཉིས་དང་བྲལ་བའི་དབུ་མ་སྟེ། རི་ཆོས་ལས། དཀོན་མཆོག་བརྩེགས་པར་གཙུག་ན་རིན་པོ་ཆེས་ཞུས་པར་ཡང་། རིགས་ཀྱི་བུ་གཞན་ཡང་བདག་དང་བདག་མེད་པ་ཞེས་བྱ་བ་དེ་གཉིས་ག་ཡང་མཐའ་སྟེ། བདག་དང་བདག་མེད་པའི་ངོ་བོ་ཉིད་རྣམ་པར་དག་པ་ནི་དབུ་མའི་ལམ་མོ། །སྲོག་དང་གང་ཟག་ཅེས་བྱ་བ་དེ་གཉི་ག་ཡང་མཐའ་སྟེ། སྲོག་དང་གང་ཟག་གི་ངོ་བོ་ཉིད་རྣམ་པར་དག་པ་ནི་དབུ་མའི་ལམ་མོ། །མཚན་མ་དང་མཚན་མ་མེད་པ་ཞེས་བྱ་བ་དེ་གཉི་ག་ཡང་མཐའ་སྟེ། མཚན་མ་དང་རྟོག་པ་མེད་པ་ནི་དབུ་མའི་ལམ་མོ། །དམིགས་པ་དང་མི་དམིགས་པ་ཞེས་བྱ་བ་དེ་གཉི་ག་ཡང་མཐའ་སྟེ། རྟོག་པ་དང་འཇིག་པ་མེད་པ་ནི་དབུ་མའི་ལམ་མོ། །བརྫུན་པ་དང་བདེན་པ་ཞེས་བྱ་བ་དེ་གཉི་ག་ཡང་མཐའ་སྟེ་བརྗོད་དུ་མེད་པ་ནི་དབུ་མའི་ལམ་མོ། །ཚུལ་རོལ་དང་ཕ་རོལ་ཞེས་བྱ་བ་དེ་གཉི་ག་ཡང་མཐའ་སྟེ། འཇིག་ཚོགས་འགག་པ་ནི་དབུ་མའི་ལམ་མོ། །འདུས་བྱས་དང་འདུས་མ་བྱས་ཞེས་བྱ་བ་དེ་གཉི་ག་ཡང་མཐའ་སྟེ། དཔྱོད་པ་མེད་པ་ཡང་དབུ་མའི་ལམ་མོ། །འཁོར་བ་དང་མྱ་ངན་འདས་པ་ཞེས་བྱ་བ་དེ་གཉི་ག་ཡང་མཐའ་སྟེ། རྣམ་པར་རིག་པ་མེད་པ་ནི་དབུ་མའི་ལམ་མོ། །ཞེས་སོགས་ཀྱང་མཉམ་བཞག་ཟབ་མོ་ཅིར་ཡང་མི་རྟོག་པའི་སྐབས་ལ་དགོངས་པ་ཡིན་གྱི། སོ་སོར་རྟོག་པའི་སྐབས་ལ་དགོངས་པ་ནི་མ་ཡིན་ལ་གཞུང་ལུགས་རྣམ་དག་གཞན་དང་གཞན་རྣམས་སུ་ཡང་། ཡོད་མེད་དང་། བདེ་སྡུག་དང་། བདེན་བརྫུན་དང་། རྟག་མི་རྟག་དང་། སྟོང་མི་སྟོང་དང་། གཙང་མི་གཙང་དང་། ཞི་མ་ཞི་དང་། དབེན་མི་དབེན་དང་། བདག་ཡོད་མེད་དང་། སྐྱེ་འགག་ཡོད་མེད་དང་། མཚན་མ་ཡོད་མེད་དང་། ཟག་པ་ཡོད་མེད་དང་། དགེ་མི་དགེ་དང་། འཇིག་རྟེན་ལས་འདས་མ་འདས་དང་། རྣམ་ཤེས་དང་རྟོག་གེ་ལས་འདས་མ་འདས་དང་། སྐད་ཅིག་དང་རྟེན་འབྲེལ་ལས་འདས་མ་འདས་ལ་སོགས་པ་སྤྲོས་པ་ཐམས་ཅད་དང་བྲལ་བར་གསུངས་པ་རྣམས་ཀྱང་། ལ་ཟློ་བ་མཉམ་བཞག་ཟབ་མོ་ཅིར་ཡང་མི་རྟོག་པའི་སྐབས་ལ་དགོངས་པ་ཡིན་པས་ཁུངས་དེ་རྣམས་ཡོད་མེད་ལ་སོགས་པར་ཤན་འབྱེད་པ་སོ་སོར་རྟོག་པའི་སྐབས་རྣམས་ལ་གནོད་བྱེད་དུ་མི་རུང་ངོ་། །དེ་ལྟ་བས་ན་གསུང་རབ་ཀྱི་དགོངས་པ་ལ་མཁས་པར་འདོད་པ་རྣམས་ཀྱིས་སྐབས་སོ་སོ་དེ་དག་གི་དགོངས་པ་མ་འདྲེས་ཤིང་མ་འཆོལ་བར་བྱའོ། །ཞེས་གསུངས་སོ། །
Domain ལྟ་གྲུབ།

{{#arraymap:སྤྲོས་པའི་མཐའ་གཉིས་དང་བྲལ་བའི་དབུ་མ་

|; |@@@ | | }}