101189

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྲོས་བྲལ་དོན་དམ་པའི་མཚན་གཞིར་བསྙད་པའི་ཚུལ་ (1)
Part of speech མིང་ཚིག
Definition ཅིར་ཡང་མ་གྲུབ་པ་ཉིད་ཡིན་ཡང་མ་གྲུབ་པ་ཉིད་གདུལ་བྱས་རྟོགས་པའི་དོན་དུ་མཚན་གཞིར་སྒྲོ་བཏགས་ནས་བསྙད་པ་ཡིན་གྱི་མཚན་ཉིད་བསྟན་པའི་གཞིར་གྱུར་པའི་མཚན་གཞི་ནི་མི་སྲིད་དོ། །དེས་མཚོན་པའི་དོན་ཡང་མཚན་ཉིད་དང། མཚོན་བྱ་དང། མཚན་གཞི་གསུམ་དུ་སྒྲོ་བཏགས་པའི་ཐ་སྙད་གསུམ་གྱི་སྒོ་ནས་དོན་དམ་པའི་བདེན་པ་ཞེས་ཀུན་རྫོབ་ཀྱི་བདེན་པའི་ཟླ་བོར་བསྙད་པ་ཡིན་ཏེ། མདོ་ལས་མཚན་ཉིད་མཚན་གཞི་མེད་པ་ཡང། །དེ་དག་གི་ནི་བསྙད་པ་ཡིན། །ཞེས་གསུངས་སོ། །ཞེས་ཀུན་མཁྱེན་གོ་རམས་པའི་དབུ་མའི་སྤྱི་དོན་ལས་གསུངས་སོ། །
Domain ལྟ་གྲུབ།

{{#arraymap:སྤྲོས་བྲལ་དོན་དམ་པའི་མཚན་གཞིར་བསྙད་པའི་ཚུལ་

|; |@@@ | | }}