101194

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྲོས་མེད་ཀྱི་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། སྤྲོས་མེད་ཀྱི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་རེ་གསུམ་པ་ཡིན། བརྗོད་བྱ་ནི། སྐྱབས་སེམས་སྔོན་དུ་བཏང་། མདུན་མཁར་བླ་མ་འཇམ་དབྱངས་གཤེད་དམར་བརྒྱུད་རིམ་བཅས། གསལ་བཏབ་མཆོད་བསྟོད་གསོལ་འདེབས་བྱིན་འབེབ་འཕོ་དམིགས་སྒོམ། དེ་ནས་བྱིན་རླབས་བླ་མའི་རྣལ་འབྱོར་སོགས་ནས་བདུན་པ་བར་ཆད་ཀྱི་ཆོས་བསལ་བའི་བར་རྣལ་འབྱོར་བདུན་གྱི་སྒོམ་པའི་རིམ་པ་རྣམས་མདོར་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། འཇམ་དཔལ་གཤིན་རྗེའི་གཤེད་དང་ཌམྦི་པ། །བིརཱུ་པ་དང་དཔལ་འཛིན་བློ་གྲོས་བཟང་། །དརྦན་ཤེས་རབ་རིན་ཆེན་ཡབ་སྲས་ཟུང་། །ལོ་ཙཱ་མཆོག་ལྡན་གློ་བོ་ལོ་ཙཱ་བ། །བག་སྟོན་ཚུལ་རྒྱལ་གྲུབ་པ་ཤེས་རབ་དང་། །ཤེས་རྒྱལ་རྭ་སྟོན་ཀུན་དགའ་མཆོག་གྲུབ་པ། །ཞེས་སོགས་དང་། རྗེ་བཙུན་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། །སྒྲོལ་བའི་མགོན་པོ་རྗེ་བཙུན་འཕྲིན་ལས་དབང་། །རིན་ཆེན་རྒྱ་མཚོ་སྙིང་པོ་མཐའ་ཡས་དང་། །ཀུན་བཟང་དབང་པོ་རྣམས་ལ་གསོལ་བ་འདེབས། །ཆོས་དབྱིངས་ཆོས་འབྱོར་མཐུ་སྟོབས་དཔའ་བཟང་དང་། །ལྕགས་ཟམ་སྤྲུལ་སྐུ་བསྟན་སྐྱོང་མཁྱེན་བརྩེའི་དབང་། །ཡོན་ཏན་རྒྱ་མཚོ་འཁོར་ལོ་བདེ་ཆེན་མཚན། །སྟོབས་ལྡན་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། །ཚེ་ནོར་ཆོས་འབྱོར་ཀརྨ་འགྱུར་མེད་དང་། །ཚེ་དབང་པད་སྤྲུལ་བློ་གྲོས་མཐའ་ཡས་དང་། །ངག་དབང་བློ་གྲོས་བདེ་ཆེན་རྡོ་རྗེ་དང་། །བློ་བཟང་ཕྱོགས་གླང་རྣམས་ལ་གསོལ་བ་འདེབས། །མཁྱེན་རབ་རྒྱ་མཚོ་བློ་གྲོས་རྣམ་པར་རྒྱལ། །ཡོན་ཏན་བཟང་པོ་མཁན་ཆེན་ཤེས་རབ་གསལ། །ཐུགས་རྗེ་དཔལ་བཟང་པདྨ་རྣམ་པར་རྒྱལ། །འཇིགས་མེད་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། །ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། གློ་བོ་ལོ་ཙཱ་བའི་སྟོང་ཐུན་ལས་བཏུས་སོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།

{{#arraymap:སྤྲོས་མེད་ཀྱི་ཁྲིད་

|; |@@@ | | }}