101195

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྲོས་མེད་ཀྱི་མཚན་ཉིད་བཅུ་ (1)
Part of speech མིང་ཚིག
Definition དབུ་མ་ཆེན་པོ། ཇོ་ནང་། བདེ་གཤེགས་སྙིང་པོའི་ཁྱད་ཆོས་དགུའི་ཡ་གྱལ་སྤྲོས་མེད་ཀྱི་མཚན་ཉིད་བཅུ་སྟེ། ཡོད་མིན་དང་། མེད་མིན་དང་། གཅིག་མིན་དང་། ཐ་དད་མིན་དང་། སྐྱེ་མེད། འགག་མེད། འཕེལ་མེད་དང་། འགྲིབ་མེད། རྣམ་པར་དག་པ་མེད་དང་། རྣམ་པར་དག་པ་དང་བཅུ་སྟེ། ཇོ་ནང་ཏཱ་ར་ནཱ་ཐའི་ཐེག་མཆོག་དབུ་མའི་རྩ་བ་ལས། ཡོད་མིན་མེད་མིན་དེ་བཞིན་མིན་གཞན་མིན། །སྐྱེ་དང་འགག་མེད་འབྲི་བར་མི་འགྱུར་ཞིང་། །འཕེལ་བ་མེད་ཅིང་རྣམ་པར་དག་པའང་མེད། །རྣམ་པར་དག་འགྱུར་དེ་ནི་དོན་དམ་མཚན། །ཞེས་པ་སྤྲོས་པ་མེད་པའི་མཚན་ཉིད་དོ། །ཞེས་འབྱུང་ངོ་། །
Domain ལྟ་གྲུབ།

{{#arraymap:སྤྲོས་མེད་ཀྱི་མཚན་ཉིད་བཅུ་

|; |@@@ | | }}