101234

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦ་བ་ས་ (1)
Part of speech མིང་ཚིག
Definition དུར་ལྔའི་ནང་གསེས་ཕུར་བོ་སར་སྦས་ཏེ་ས་གཏོར་བྱེད་པ་ལ་ཟེར་ཞིང་། གཤིན་པོའི་ཕུང་པོ་ལ་དུར་དེ་བྱ་རུང་མིན་གཉིས་ཡོད་པ་ལས་མི་རུང་བའི་རིགས་ལ་ཡང་སྐྱེས་དུས་ཀྱི་ཆ་ནས་མི་རུང་བ་དང་། འཆི་དུས་ཀྱི་ཆ་ནས་མི་རུང་བ། གཉིས་ཀའི་ཆ་ནས་མི་རུང་བ། ཤི་རྐྱེན་གྱི་ཆ་ནས་མི་རུང་བ། རོ་རིགས་ཀྱི་ཆ་ནས་མི་རུང་བ་བཅས་ཁག་ལྔ་ཙམ་ཡོད་ཅིང་། རུང་བའི་རིགས་ལའང་སྐྱེས་དུས་ཀྱི་ཆ་ནས་རུང་བ་དང་། འཆི་དུས་ཀྱི་ཆ་ནས་རུང་བ། ཤུལ་ལུས་གསོན་པོའི་ཆ་ནས་རུང་བ་བཅས་ཁག་གསུམ་ཙམ་ཡོད། དུར་དེ་བྱ་མི་རུང་བའི་ནང་གསེས་སྐྱེས་དུས་ཀྱི་ཆ་ནས་མི་རུང་བ་ནི་རང་ལོ་བྱི་ཕག་གམ་རུས་ཆེན་འུ་ཡིན་པའི་གཤིན་ཕུང་། འཆི་དུས་ཀྱི་ཆ་ནས་མི་རུང་བ་ནི་བབས་སྤར་ཁམ་དང་། བབས་སྨེ་ནག་མཐིང་། རེས་གཟའ་ཟླ་ལྷག སྐར་མ་བྱང་སྐར་དྲུག གནམ་ལོ་བྱི་ཕག ཟླ་བ་དགུན་ཟླ་ར་འབྲིང་། ཞག་པོ་བྱི་ཕག་ཉི་མ་བཅས་ལས་གང་རུང་ཞིག་གི་སྟེང་དུ་ཤི་བའི་གཤིན་ཕུང་། གཉིས་ཀའི་ཆ་ནས་མི་རུང་བ་ནི་སྐྱེ་འཆིའི་སྐབས་ཀྱི་ལོ་ཟླ་ཞག་དུས་བཞི་ལས་གང་རུང་གི་དབང་ཁམས་ཆུ་ཡིན་པའི་གཤིན་ཕུང་། ཤི་རྐྱེན་གྱི་ཆ་ནས་མི་རུང་བ་ནི་གྲང་ནད་དང་། ཐིབས་གྲི་སོགས་ཀྱིས་ཤི་བའི་གཤིན་ཕུང་། རོ་རིགས་ཀྱི་ཆ་ནས་མི་རུང་བ་ནི་བཙད་པོའི་རོ་དང་། དགེ་བཤེས་ཀྱི་རོ། སྔགས་པའི་རོ་ལ་སོགས་ཡིན་ལ། འདིར་བཤད་པ་ཅི་རིགས་འདོམ་ན་དེ་བས་ཀྱང་སར་སྦ་མི་རུང་བས་ཞིབ་མོར་བརྟག་པ་གཅེས། དུར་དེ་བྱ་རུང་བའི་གསེས་སྐྱེས་དུས་ཀྱི་ཆ་ནས་རུང་བ་ནི་རང་ལོ་བྱ་སྤྲེལ་ལམ་གཤེན་བཞི་ཡིན་པའི་གཤིན་ཕུང་། འཆི་དུས་ཀྱི་ཆ་ནས་རུང་བ་ནི་གནམ་ལོ་བྱ་སྤྲེལ་ལམ་གཤེད་བཞི་དང་། བབས་སྤར་དྭའམ་མཚམས་སྤར་བཞི། བབས་སྨེ་དཀར་གསུམ་མམ་ལྔ་སེར་བཅས་ལས་གང་རུང་ཞིག་གི་སྟེང་དུ་ཤི་བའི་གཤིན་ཕུང་། ཤུལ་ལུས་གསོན་ལོའི་ཆ་ནས་རུང་བ་ནི་ནང་མི་རང་ལོ་སྟག་ཡོས་ཅན་མང་བའི་གཤིན་ཕུང་བཅས་ཡིན།
Domain རྩིས་རིག

{{#arraymap:སྦ་བ་ས་

|; |@@@ | | }}