101235

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦ་བཞེད་ (1)
Part of speech མིང་ཚིག
Definition སྦ་གསལ་སྣང་གི་བཞེད་པར་གྲགས་པ་སྟེ། བསམ་ཡས་ཀྱི་དཀར་ཆག་ཆེན་པོ་ཞེས་ཀྱང་ཟེར། དེ་ནི་ཕྱིི་ལོ་དུས་རབས་བརྒྱད་པའི་ནང་བོད་རྗེ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་ལོ་རྒྱུས་ཅུང་ཟད་ཞིབ་པ་ཞིག་ཡིན་ཞིང༌། ནང་དོན་གཙོ་ཆེ་བ་བསམ་ཡས་གཙུག་ལག་ཁང་བརྒྱབ་ནས་བོད་དུ་སངས་རྒྱས་ཀྱི་ཆོས་སྤེལ་བའི་ལོ་རྒྱུས་ཡིན་ཞིང༌། བོད་དང་ཐང་རྒྱལ་རབས་ཀྱི་འབྲེལ་བ་དང༌། བོད་དང་རྒྱ་གར་བར་ཆོས་ལུགས་ཐོག་ནས་འགྲོ་འོང་བྱས་ཚུལ། བཙན་པོའི་བཀའ་གཙིགས་བསྒྲགས་པ། སྒྲ་བསྒྱུར་ཁང་བཙུགས་ཏེ་ཆོས་བསྒྱུར་བ་སོགས་སྐབས་དེའི་ཆབ་སྲིད་ལམ་ལུགས་དང་རིག་གནས་འཕེལ་རྒྱས་སོགས་ཀྱི་ལོ་རྒྱུས་གནས་ཚུལ་གང་འཚམ་འགོད་ཡོད། སྦ་བཞེད་ཀྱི་རྩོམ་པ་པོ་དངོས་སྦ་གསལ་སྣང་ཡིན་མིན་ཐད་བཞེད་པ་མ་འདྲ་བ་ཡོད་ཅིང་། སྦ་བཞེད་ལའང་སྦ་བཞེད་ཞབས་བཏགས་མ་སོགས་རིགས་ཁ་ཤས་ཡོད།

{{#arraymap:སྦ་བཞེད་

|; |@@@ | | }}