1013

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀླུ་ཤོད་ངག་དབང་དར་རྒྱས་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གསུམ་པའི་ས་གླང་ཕྱི་ལོ་ ༡༧༦༩ ལོར་མདོ་སྨད་ཀླུ་ཤོད་ཀྱི་ཨ་འབོའི་བླ་མ་སྐྱབས་ཀྱི་སྲས་སུ་འཁྲུངས། དགུང་ལོ་སུམ་ཅུར་ཉེ་བའི་བར་ཨ་འབོའི་བན་ཡ་ཞེས་པར་འཁྱམ་པ་གྲགས་ཅན་ཞིག་ཡིན། ངེས་འབྱུང་སྐྱེས་ཏེ་ཁྱིམ་ཐབ་སྤངས། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་སྒོར་ཞུགས། བསྡུས་གཞུང་དང་གཞུང་ཆེན་རྣམས་ལ་ཐོས་བསམ་ནན་ཏན་མཛད། དགེ་བཤེས་ཀྱི་གོ་སར་ཐོན། རབ་ཏུ་བྱུང་ནས་བཟུང་ཚུལ་ཁྲིམས་མིག་འབྲས་ལྟར་དུ་བསྲུངས། སྐུ་འདའ་ཁའི་བར་དུ་གསང་འདུས་ལ་ཐུགས་དམ་མཛད། རེ་དགུ་པ་རབ་བྱུང་བཅུ་བཞི་པའི་ས་ཁྱི་ཕྱི་ལོ་ ༡༨༣༨ ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་སྨན་པ་གྲྭ་ཚང་གི་ཁྲིར་བཞུགས། ལོ་དྲུག་རིང་འཆད་ཉན་དང་གཏོང་སྒོ་གང་ཐད་ནས་ཀྱང་དགེ་འདུན་མང་ཚོགས་ཀྱི་ཐུགས་ཡིད་ཚིམ་པར་བསྐྱངས། ཁྲི་ཟུར་ནས་སྒྲུབ་པ་ཉམས་ལེན་མཛད། དོན་བདུན་པ་རབ་བྱུང་བཅུ་བཞི་པའི་མེ་རྟ་ཕྱི་ལོ་ ༡༨༤༦ ལོར་སྐུ་གཤེགས། བླ་བྲང་བཀྲ་ཤིས་འཁྱིལ་གྱི་སྨན་པ་གྲྭ་ཚང་གི་ཁྲི་རབས་བཅུ་བཞི་པ་ཡིན།

{{#arraymap:ཀླུ་ཤོད་ངག་དབང་དར་རྒྱས་

|; |@@@ | | }}