101319

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦས་པའི་གསང་བ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། སྦས་པའི་གསང་བ་ནི། སྤར་ཁབ་ལས། སྦས་པའི་གསང་བ་ནི། སྤྱོད་པའི་ཁྱད་པར་ལྔ་གསུམ་དང་། ཏན་གན་དང་བྱ་བ་མེད་པ་ལ་སོགས་པ་ལྟ་སྤྱོད་འབྲེལ་བ་དང་འཇུག་པར་གསུངས་པ་དེ་དག་སྒྲ་བཞིན་སྤྱོད་པ་རྣམས་ཀྱིས་སྤྱད་ན་ཤིན་ཏུ་ཉེས་པ་ཆེ་བས། བརྡར་སྦས་ནས་བསྟན་དགོས་པ་སྟེ། གཞུང་ལས་ཀྱང་། ཁ་ཅིག་ལྟ་བ་མཉམ་གནས་ཀྱང་། །ཞེས་པ་ལ་སོགས་པ་དང་། མཉམ་པའི་དོན་ཉིད་མ་རྟོགས་པར། །ཞེས་པ་ལ་སོགས་པའི་དོན་གྱིས། གསང་ཕྱིར་བརྡ་དག་སྣ་ཚོགས་གསུངས། །ཞེས་པ་འབྱུང་བའོ། །ཞེས་དང་། དཀོན་ཅོག་འགྲེལ་ལས། སྦས་པའི་གསང་བ་ལ་ཡང་། ཚིག་སྦས་དང་ཡིག་སྦས་ཀྱི་ཚུལ་རྣམ་པ་གཉིས་དང་ཞེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:སྦས་པའི་གསང་བ་

|; |@@@ | | }}