101478

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱང་གཞི་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། བསྐྱེད་རིམ་པའི་སྐུ་གསུམ་པོ་དེས་དངོས་སུ་སྐྱེ་ཤི་བར་དོ་གསུམ་མངོན་གྱུར་བ་མགོ་གནོན་ཅིང་བརྒྱུད་ནས་སྐྱེ་ཤི་བར་དོ་གསུམ་གྱི་ས་བོན་དྲུངས་ནས་འབྱིན་པར་བྱེད་ཅིང་རྫོགས་རིམ་གྱི་རྟོགས་པ་ཁྱད་པར་ཅན་སྐྱེ་བའི་རྒྱུད་སྨིན་བྱེད་དུ་འགྱུར་བས་ན་བསྐྱེད་རིམ་གྱི་སྐུ་གསུམ་གྱིས་སྦྱང་གཞི་སྐྱེ་ཤི་བར་དོ་གསུམ་སྦྱོང་བའི་དོན་ཡིན་ནོ། །
Domain ཆོས་ལུགས།

{{#arraymap:སྦྱང་གཞི་

|; |@@@ | | }}

སྦྱང་གཞི་ (2)
Part of speech མིང་ཚིག
Definition བདེ་གཤེགས་སྙིང་པོ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་གདོད་མ་ནས་རང་ལ་རང་ཆས་སུ་ཡོད་པ།

{{#arraymap:སྦྱང་གཞི་

|; |@@@ | | }}

སྦྱང་གཞི་ (3)
Part of speech མིང་ཚིག
Definition མ་དག་པའི་ཕུང་པོ་ལྔ་སོགས།

{{#arraymap:སྦྱང་གཞི་

|; |@@@ | | }}

སྦྱང་གཞི་ (4)
Part of speech མིང་ཚིག
Definition གཟུང་འཛིན་གྱི་རྣམ་རྟོག་སྐྱེ་བའི་གཞིར་གྱུར་པའི་གཟུགས་ལ་སོགས་པ་མ་དག་པའི་ཡུལ་ཐམས་ཅད་སྦྱང་གཞི་ཡིན་ཏེ། རྩ་རྒྱུད་བརྟག་གཉིས་ལས། ཀྱེ་བཅོམ་ལྡན་འདས་རྣམ་པར་མ་དག་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་ལ་སོགས་པའོ། །དེ་ཅིའི་སླད་དུ་ཞེ་ན། གཟུང་བ་དང་འཛིན་པའི་དངོས་པོའི་ཕྱིར་རོ། །ཞེས་གསུངས་པས་སོ་ཞེས་པཎ་ཆེན་ངག་ཆོས་ཀྱི་སྡོམ་གསུམ་ཁ་སྐོང་གི་རྣམ་བཤད་རྒྱན་གྱི་མེ་ཏོག་ལས་སོ། །

{{#arraymap:སྦྱང་གཞི་

|; |@@@ | | }}