10161

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཡག་ (1)
Part of speech མིང་ཚིག
Definition བོད་ཀྱི་ཐུན་མོང་མ་ཡིན་པའི་སྒོ་ཕྱུགས་ནོར་གནག་གི་རིགས་ཀྱི་ཕོ་ཕྱུགས་ལོ་ན་སོན་ཟིན་པ་སྟེ། མདོ་དབུས་མཐོ་སྒང་ཁོ་ནར་གནས་པའི་འོ་འཐུང་སྲོག་ཆགས་ཀྱི་རིགས་ཤིག ཆེ་ཆུང་མ་གཏོགས་འབྲོང་དང་འདྲ་ཞིང་ལྷག་པར་དུ་གཡག་རོག་ཞོལ་ཆེན་ཞེས་སྤུ་རྩིད་རིང་པོ་ཞོལ་ལེར་ཡོད་པའི་གཡག་ནག་པོ་འོག་ཅན་ནམ་ཁྱུ་པ་ནི་དེ་བས་ཀྱང་འབྲོང་དང་འདྲ། ཁ་དོག་ནག་པོ་དང་། སྔོན་པོ། ཁམ་པ། ཁྲ་བོ་སོགས་ཡོད་ལ་རྭ་ཡོད་མེད་ཅི་རིགས་དང་། རྔ་མ་ཡང་མདོག་དཀར་པ་དང་། ནག་པོ། ཁྲ་བོ་ཆུན་པོ་ལྟར་འཕྱང་ནས་ཡོད། རྒྱུན་དུ་འཚོ་གནས་བྱེད་ཡུལ་སྤང་ལྗོངས་དང་། རི། ཐང་སོགས་སུ་ཡིན་ཞིང་འབྲོག་པས་འཚོ་སྐྱོང་བྱེད་པ་སྟེ། དབྱར་དུས་སུ་བྱང་ཁུལ་གྱི་ཐག་རིང་སར་ཚྭ་སོགས་ལེན་པ་དང་། དགུན་དུས་ཞིང་པའི་ས་ཁུལ་ལ་ཤ་མར་ཚྭ་སོགས་དངོས་ཟོག་བརྗེ་ཚོང་བྱེད་དུས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱེད་པའི་གཙོ་བོའི་ནུས་ཤུགས་དོན་མཁན་ཞིག་ཡིན། མངལ་སྦྲུམ་གྱི་ཡུན་ཚད་ཟླ་བ་དགུ་ཡིན། གཟུགས་བོང་ཆེ་ལ་གྲང་ལྷག་ཐུབ་པ། ཤེད་ཤུགས་ཆེ་བ། སྤུ་རིང་ཐུང་རིགས་གཉིས་ཡོད་པ་རིང་བ་ལ་རྩིད་པ་དང་། ཐུང་བ་ལ་ཁི་ལུ་ཟེར། འབྲོག་པའི་སྐྱེལ་འདྲེན་གྱི་རྟེན་གཞི་གཙོ་བོ་ཡིན། མོ་རིགས་ལ་འབྲི་ཟེར། དཔེ་རིས་ལ་གཟིགས།

{{#arraymap:གཡག་

|; |@@@ | | }}

གཡག་ (2)
Part of speech མིང་ཚིག
Definition སྒྲ་དང་ལྡན་པའི་རྟུག་དྲིའམ་འོག་རླུང་མིང་དུ་ཡང་འཇུག་སྟེ།
Example མི་མང་འདུས་སར་གཡག་ཤོར་ལྟ་བུ།
Type ཡུལ་སྐད།

{{#arraymap:གཡག་

|; |@@@ | | }}