10167

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཡག་ཕྲུག་སངས་རྒྱས་དཔལ་བ་ (1)
Part of speech མིང་ཚིག
Definition རབ་བྱུང་དྲུག་པའི་ལྕགས་སྟག་ཕྱི་ལོ་ ༡༣༥༠ ལོར་ས་སྐྱ་འཕྲང་དུ་ཡབ་བྱང་ཆུབ་རིན་ཆེན་གྱི་སྲས་སུ་འཁྲུངས། འཁྲུངས་མ་ཐག་ཏུ་བྱང་ཆུབ་རིན་ཆེན་གྱི་ཉེ་གནས་གཡག་ཡུ་ཞེས་པའི་སྲས་སུ་ངོས་བླངས་པས་ན། ཀུན་གྱིས་གཡག་ཕྲུག་ཅེས་ཞུ། དཔལ་ལྡན་ས་སྐྱ་དང་རྩེ་ཐང་སོགས་སུ་ཕེབས། མཁས་དབང་བརྩོན་འགྲུས་དཔལ་གཙོ་བོར་བསྟེན་ནས། པོད་ལྔའི་གཞུང་ལ་ཐོས་བསམ་ནན་ཏན་མཛད། དབུས་གཙང་གི་གྲྭ་ས་ཐམས་ཅད་དུ་གྲྭ་སྐོར་མཛད། མདོ་ཕྱོགས་ལ་མཁས་པའི་ཚད་མར་འཛིན། གོན་གྱོ་ཡེ་ཤེས་ལས་རྒྱུད་སྡེ་བཞི་དང་། ས་སྐྱའི་སྙན་བརྒྱུད་གསུང་ངག་རིན་པོ་ཆེ་གསན་པར་མཛད། སྒྲུབ་པ་ཉམས་ལེན་ལ་གཞོལ། དབུས་གཙང་གི་མཁས་གྲུབ་གོང་མའི་བསྟི་གནས་སོ་སོར་བཞུགས། རེ་ལྔ་པ་རབ་བྱུང་བདུན་པའི་ཤིང་རྟ་ཕྱི་ལོ་ ༡༤༡༤ ལོར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་རོང་སྟོན་སྨྲ་བའི་སེང་གེ་དང་། རེད་མདའ་བ་གཞོན་ནུ་བློ་གྲོས། གཞོན་ནུ་རྒྱལ་མཆོག་བཅས་ཡིན།

{{#arraymap:གཡག་ཕྲུག་སངས་རྒྱས་དཔལ་བ་

|; |@@@ | | }}