101742

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱོར་བ་བཞི་ (1)
Part of speech མིང་ཚིག
Definition མདོ། མངོན་པ། སྦྱོར་བ་ནི་བཞི་སྟེ། འདོད་པའི་སྦྱོར་བ་དང་། སྲིད་པའི་སྦྱོར་བ་དང་། ལྟ་བའི་སྦྱོར་བ་དང་། མ་རིག་པའི་སྦྱོར་བའོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
Domain ཆོས་ལུགས།

{{#arraymap:སྦྱོར་བ་བཞི་

|; |@@@ | | }}

སྦྱོར་བ་བཞི་ (2)
Part of speech མིང་ཚིག
Definition ཕར་ཕྱིན། ཤེར་ཕྱིན་དངོས་པོ་བརྒྱད་ཀྱི་ནང་གསེས། ཉམས་སུ་ལེན་པའི་ལམ་སྦྱོར་བ་བཞི་སྟེ། རྣམ་ཀུན་མངོན་རྫོགས་སྦྱོར་བ་དང༌། རྩེ་མོའི་སྦྱོར་བ་དང༌། མཐར་གྱིས་པའི་སྦྱོར་བ་དང༌། སྐད་ཅིག་མའི་སྦྱོར་བ་རྣམས་སོ། །

{{#arraymap:སྦྱོར་བ་བཞི་

|; |@@@ | | }}

སྦྱོར་བ་བཞི་ (3)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཐོག་དགེ་ནི་རྣལ་འབྱོར་ཏེ་བདེ་བ་ཆེན་པོའི་རིང་རྒྱུའི་ཕྱིར་དང། བར་དགེ་ནི་རྗེས་སུ་རྣལ་འབྱོར་ཏེ་སྔ་མའི་འབྲས་བུ་ཡིན་ཞིང། བདེ་བའི་རྒྱུ་ཚོགས་གསོག་པའི་ཕྱིར་དང། མཐའ་དགེའི་ཕྱེད་སྔ་མ་ནི་ཤིན་ཏུ་རྣལ་འབྱོར་ཏེ། བདེ་བ་མ་གྲུབ་པ་སྒྲུབ་པར་བྱེད་པའི་ཐབས་དངོས་ཡིན་པའི་ཕྱིར་དང་། ཕྱེད་ཕྱི་མ་ནི་རྣལ་འབྱོར་ཆེན་པོ་སྟེ། བདེ་བ་ཆེན་པོ་གྲུབ་ཟིན་འཕེལ་བའི་ཕྱིར་རོ། །

{{#arraymap:སྦྱོར་བ་བཞི་

|; |@@@ | | }}

སྦྱོར་བ་བཞི་ (4)
Part of speech མིང་ཚིག
Definition རླུང་འཛིན་སྟངས་ཀྱི་མན་ངག་ཅིག་སྟེ། རྔུབ་པ། དགང་བ། གཞིལ་བ། མདའ་ལྟར་འཕེན་པ་བཅས་སོ། །

{{#arraymap:སྦྱོར་བ་བཞི་

|; |@@@ | | }}