101759

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱོར་བ་ཡན་ལག་དྲུག་པ་ (1)
Part of speech མིང་ཚིག
Definition བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་མཛད་པའི་སྦྱོར་བ་ཡན་ལག་དྲུག་པ། རྒྱ་གར་གྱི་མཁན་པོ་ཆེན་པོ་དཔལ་རབ་འབྱོར་ཞི་བའི་ཞལ་སྔ་ནས་ལོ་ཙཱ་བ་ཅོག་རོ་དགེ་སློང་ཏིང་འཛིན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། བུ་སྟོན་དཀར་ཆག་དང་། པེ་ཅིང་། སྣར་ཐང་། སྡེ་དགེ་པར་མ་རྣམས་ཀྱི་དཀར་ཆག་ཏུ་འདི་ཕྱག་རྡོར་སྟོད་འགྲེལ་ལས་གུད་དུ་ཕྱེ་བར་སྣང་སྟེ། སྔར་གྱི་རྣམས་ཀྱིས་ཀྱང་བྲིས་འདུག་པས་སོ། །ཞེས་འཁོད། བསྟན་འགྱུར་རྒྱུད་པ་པར་བཞུགས།
Domain ཆོས་ལུགས།

{{#arraymap:སྦྱོར་བ་ཡན་ལག་དྲུག་པ་

|; |@@@ | | }}

སྦྱོར་བ་ཡན་ལག་དྲུག་པ་ (2)
Part of speech མིང་ཚིག
Definition གྲུབ་པ་ཐོབ་པའི་པཎྜི་ཏ་ཆེན་པོ་ཤྲཱི་ཨ་ནུ་པཱ་མ་རཀྵི་ཏ་པཱ་ད་ནཾ་གིས་མཛད་པའི་སྦྱོར་བ་ཡན་ལག་དྲུག་པ། རྒྱ་གར་ཤར་ཕྱོགས་ཛ་ག་ཏ་ལའི་པཎྜི་ཏ་ཆེན་པོ་བྷཱུ་ཏི་ཙནྡྲ་དང༌། གཉལ་གྱི་ལོ་ཙཱ་བ་མི་མཉམ་བཟང་པོས་བསྒྱུར། བསྟན་འགྱུར་རྒྱུད་པ་པར་བཞུགས།

{{#arraymap:སྦྱོར་བ་ཡན་ལག་དྲུག་པ་

|; |@@@ | | }}

སྦྱོར་བ་ཡན་ལག་དྲུག་པ་ (3)
Part of speech མིང་ཚིག
Definition མཁས་པ་དཔེ་མེད་པས་བསྲུང་པའི་ཞབས་ཀྱིས་མཛད་པའི་སྦྱོར་བ་ཡན་ལག་དྲུག་པ། རྒྱ་གར་ཤར་ཕྱོགས་ཛ་གད་ཏ་ལའི་པཎྜི་ཏ་ཆེན་པོ་བི་བྷཱུ་ཏི་ཙནྡྲ་དང༌། གཉལ་གྱི་ལོ་ཙཱ་བ་མི་མཉམ་བཟང་པོས་བསྒྱུར། སླར་ཡང་ལོ་ཙཱ་བ་དཔལ་ལྡན་བློ་གྲོས་བརྟན་པས། སློབ་དཔོན་ཆེན་པོ་ཆོས་གྲགས་དཔལ་བཟང་པོའི་བཀས་བསྐུལ་ཏེ། སྒྲ་དོན་ཇི་ལྟ་བ་བཞིན་དུ་བསྒྱུར་ཞིང་ཞུས། བསྟན་འགྱུར་རྒྱུད་པ་པར་བཞུགས།

{{#arraymap:སྦྱོར་བ་ཡན་ལག་དྲུག་པ་

|; |@@@ | | }}