101792

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྦྱོར་བའི་ཡན་ལག་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ལྟུང་བ་དངོས་གཞི་བསྐྱེད་པ་ལ་སྦྱོར་བ་ལུས་ངག་གང་རུང་གི་བྱེད་ལས་ཚང་དགོས་པའི་ཡན་ལག་དག་ལའོ། །དེའི་དོན་ཞིབ་པར་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གསུམ་པ་སྦྱོར་བའི་ཡན་ལག་ནི། རྣམ་པར་རིག་བྱེད་ལ་ནི་དོན་གོ་བའོ་ཞེས་སོགས་ཀྱིས་བསྟན་ཏེ། ངག་གི་རྣམ་པར་རིག་བྱེད་ཀྱིས་བསྐྱེད་པ་ལ་ཡུལ་དོན་གོ་བ་ཡན་ལག་ཏུ་དགོས་པར་བསྟན་པ་ཡིན་པའི་ཕྱིར། དེ་དགོས་པའང་ཡིན་ཏེ། དོན་མི་གོ་བ་ལ་བསྙེན་བཀུར་བསྔགས་པ་སོགས་བྱས་ཀྱང་ལྟུང་བ་ན་སྨད་དུ་འགྱུར་བའི་ཕྱིར། དོན་གོ་བའང་བཞག་ཏུ་ཡོད་དེ། སྨྲ་བ་པོ་ཉིད་ལ་ཡོད་པ་སྟེ། ཅེས་གསུངས་པ་ལས་ན་ངག་སྨྲ་ཤེས་པ་ལ་ཡོད་པའི་དོན་གོ་བ་ཞིག་ལ་འཇོག་པའི་ཕྱིར། ཐམས་ཅད་ལ་དེ་དགོས་སམ་ཞེ་ན། དེའི་ལན་ནི། གསོད་པ་དང་རང་གི་དོན་དུ་བརྐུ་བ་དག་ལས་གཞན་པའི་འོ། །ཞེས་གསུངས་པས་བསྟན་ཏེ། གསོད་པ་དང་རང་དོན་དུ་བརྐུ་བ་གཉིས་ལས་གཞན་པ་སྟེ་དེ་གཉིས་མ་གཏོགས་ལྟུང་བའི་ཡན་ལག་ཏུ་སྨྲ་ཤེས་དོན་གོ་དགོས་པར་བསྟན་པའི་ཕྱིར། ལྟུང་བ་གཉིས་པོ་དེའི་ཡན་ལག་ཏུ་དེ་མི་དགོས་ཏེ། དེ་གཉིས་སྨྲ་མི་ཤེས་པས་ཀྱང་འགྲུབ་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:སྦྱོར་བའི་ཡན་ལག་

|; |@@@ | | }}

སྦྱོར་བའི་ཡན་ལག་ (2)
Part of speech མིང་ཚིག
Definition ངེས་བཟུང་གི་ཡན་ལག་ཏུ་གྱུར་བའི་ཐུན་མོང་མ་ཡིན་པའི་སྦྱོར་བའི་ཡན་ལག་ལ་གཉིས་ཡོད་པ་ལྟ་བུ་སྟེ། ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས། སྦྱོར་བ་རང་ཁོ་ནའི་བྱེད་པ་ཅན་དང་། གཞན་ལ་བཅོལ་ཡང་རྫོགས་པའི་བྱེད་པ་ཅན་ནོ། །དང་པོ་ལ་བཞི་ལས། སྦྱོར་བ་ལུས་ཁོ་ནའི་བྱེད་པ་ཅན་ནི་ཕམ་པ་དང་པོ་ལ་སོགས་པའོ། །སྦྱོར་བ་ངག་ཁོ་ནའི་བྱེད་པ་ཅན་ནི་རྫུན་སྨྲའི་ཕམ་པ་ལ་སོགས་པའོ། །སྦྱོར་བ་ལུས་ངག་གང་ཡང་རུང་བའི་བྱེད་པ་ཅན་ནི་བྱིན་འཕྲོག་བྱེད་པའི་སྤང་བ་ལ་སོགས་པའོ། །སྦྱོར་བ་ལུས་ངག་གཉིས་ཀ་དགོས་པའི་བྱེད་པ་ཅན་ནི་ཟས་བསོད་པ་ངག་གིས་སློང་ཞིང་ཟ་བའི་ལྟུང་བྱེད་ལ་སོགས་པའོ། །ཞེས་གསུངས་པ་ལྟ་བུའོ། །

{{#arraymap:སྦྱོར་བའི་ཡན་ལག་

|; |@@@ | | }}

སྦྱོར་བའི་ཡན་ལག་ (3)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པར་སྤྱོད་པའི་འདྲེན་སྒོ་འབྱེད་པར་བྱེད་པའི་ཡན་ལག་དྲུག་ཏུ་གསུངས་པའི་ཡ་གྱལ་ཞིག་སྟེ། ལྟ་སྤྱོད་ཀྱིས་ཡུལ་ལ་སྦྱོར་བའི་ཕྱིར་སྦྱོར་བའི་ཡན་ལག་ཅེས་བྱ། འདིའི་དོན་གཟི་ལྡན་འཆར་ཁའི་འོད་སྣང་ལས། གང་བློའི་ཤེས་རབ་ཀྱིས་ཤེས་བྱའི་ཡུལ་ལ་སྦྱོར་བ་དང༌། གང་སྙིང་རྗེའམ་ཐུགས་རྗེའི་སྤྱོད་པས་གདུལ་བྱའི་ཡུལ་གྱི་འགྲོ་དོན་ལ་སྦྱོར་བའོ། །ཞེས་གསུངས་ཤིང་། ཕྱེ་ན་བློའི་ཡུལ་ལ་སྦྱོར་བ་དང་། སྙིང་རྗེའི་ཡུལ་ལ་སྦྱོར་བ་གཉིས་སོ། །

{{#arraymap:སྦྱོར་བའི་ཡན་ལག་

|; |@@@ | | }}

སྦྱོར་བའི་ཡན་ལག་ (4)
Part of speech མིང་ཚིག
Definition མདོ་དགོངས་པ་འདུས་པར་ཐབས་ཀྱི་སྦྱོར་སྒོ་དང་ངེས་པའི་གསང་སྒོ་ཐུན་མོང་དུ་འབྱེད་པར་བྱེད་པའི་ཡན་ལག་དྲུག་ཏུ་གསུངས་པའི་ཡ་གྱལ་ཞིག་སྟེ། དེ་ནི་སྔགས་ཕྱི་པ་རྣལ་འབྱོར་གྱི་རྒྱུད་ལ་གོ་བར་གཟི་ལྡན་འཆར་ཁའི་འོད་སྣང་ལས། ཏིང་ངེ་འཛིན་གཙོ་བོར་སྤྱོད་པས་ཞི་གནས་སྦྱོར་བའི་ཡན་ལག་ཏུ་གྱུར་པའི་རྒྱུད་ཡིན་པའི་ཕྱིར་དང༌། ཞེས་གསུངས་སོ། །

{{#arraymap:སྦྱོར་བའི་ཡན་ལག་

|; |@@@ | | }}