10188

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཡག་སྡེ་པཎ་ཆེན་ (1)
Part of speech མིང་ཚིག
Definition རབ་བྱུང་ལྔ་པའི་ས་ཕག་ཕྱི་ལོ་ ༡༢༩༩ ལོར་གཡག་སྡེ་བྱེ་མར་ཡབ་ཨ་མི་དཀོན་མཆོག་དཔལ་དང་། ཡུམ་སྐྱ་རྒྱལ་ཆོས་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། ལྔ་པར་འབན་པོ་ཆོས་དབང་ལས་ངན་སོང་སྤྱོད་རྒྱུད་ཐུན་གཅིག་གསན། རྟོགས་ལྡན་རིམ་སྨོན་དང་ཇོ་སྟོན་དར་བརྩོན་གཉིས་ལ་བསྟེན་ནས། ཡི་གེའི་སྦྱོར་ཀློག་ལེགས་པར་མཁྱེན། མཁན་ཆེན་ཆོས་དཔལ་ལས་དགེ་བསྙེན་དང་བར་མ་རབ་བྱུང་མཛད། རས་སྟོན་བསོད་ནམས་རིན་ཆེན་ལས་དགེ་ཚུལ་གྱི་སྡོམ་པ་མནོས། མཁན་ཆེན་འོད་འབྱུང་དང་། ཞྭ་ཆེན་རིན་ཆེན་འབྱུང་གནས་ལས་བསྙེན་པར་རྫོགས། གསང་ཕུ་བ་བློ་གྲོས་མཚུངས་མེད་ལས་ཚད་མ་རྣམ་ངེས་དང་། བྱམས་ཆོས་སྡེ་ལྔ། སྤྱོད་འཇུག ཚད་མ་བསྡུས་པ། སྙན་ངག་དཔག་བསམ་འཁྲི་ཤིང་རྣམས་གསན། ཆོས་རྗེ་རང་བྱུང་རྡོ་རྗེ་དང༌། འཕན་པོ་བཙུན་ཤཱཀ རིག་འཛིན་ཀུ་མཱ་རཱ་ཛ། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ། བུ་སྟོན་པ། མཆིམས་བློ་བཟང་གྲགས་པ་སོགས་མཁས་གྲུབ་ཀྱི་སློབ་དཔོན་བརྒྱ་རྩ་བརྒྱད་ཙམ་བསྟེན། མདོ་སྔགས་ཀྱི་གཞུང་མང་པོ་གསན་ཞིང༌། ཟབ་ཆོས་དུ་མའི་དབང་ལུང་ཡང་དག་པ་ཞུས། མཁས་པའི་རྩེ་མོར་སོན། བསྟན་བཅོས་མང་དུ་མཛད། ཨེ་ཝཾ་དགོན་པ་གསར་འདེབས་གནང་། འཆད་ཉན་ལེགས་པ་བསྐྱངས། རབ་བྱུང་དྲུག་པའི་ས་རྟ་ལོ་ཕྱི་ལོ་ ༡༣༧༨ ལོར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་རི་ཁྲོད་པ་མགོན་པོ་ཡེ་ཤེས་དང་། གདན་ས་པ་འཇམ་དབྱངས་ཆོས་མགོན། མཁས་གྲུབ་བྱང་ཆུབ་རྒྱལ་མཚན། མཁན་ཆེན་སངས་རྒྱས་བློ་གྲོས་བཅས་ཡིན།

{{#arraymap:གཡག་སྡེ་པཎ་ཆེན་

|; |@@@ | | }}