102265

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྨར་ཁམས་སྐུ་འབུམ་མཆོད་རྟེན་ (1)
Part of speech མིང་ཚིག
Definition བོད་རབ་བྱུང་ལྔ་པ་ཤིང་མོ་ཕག་གི་ལོ། ཕྱི་ལོ་ ༡༢༧༥ ལོར། འཕགས་པ་རིན་པོ་ཆེ་བློ་གྲོས་རྒྱལ་མཚན་མཆོག་རྒྱ་ནག་ནས་དབུས་ཀྱི་གདན་སའི་ཕྱོགས་སུ་ཞལ་བསྒྱུུར་བའི་ལམ་བར། སྨར་ཁམས་འཕེལ་ལུང་སྒང་དུ་ཞབས་བཅག་མ་ཐག །གནས་དེ་ས་དཔྱད་ངན་པས་བསྟན་འགྲོ་སྤྱི་ལ་འཚེ་བར་གཟིགས་ཏེ་བདུད་འདུལ་མཆོད་རྟེན་ཆེན་མོ་འདི་བཞིན་ལྷ་སྐུ་འབུམ་ཕྲག་གཟུངས་སུ་བཅུག་ ནས་ས་ཡི་མེ་བཙའི་ཚུལ་དུ་བཞེངས། མཚན་ཡང་སྐུ་འབུམ་མཆོད་རྟེན་དུ་གྲགས། ཐོག་མ་ས་འདུལ་མཛད་པའི་ནུབ་མོ་ས་གཡོ་བ་དང་། ཕར་རིའི་བྲག་ཉིལ་བ་སོགས་མངོན་སྤྱོད་ལས་ཀྱིས་བསྟན་འགྲོའི་རྒུད་པ་སེལ་བ་མཛད་དེ། སྐལ་ལྡན་གདུལ་བྱ་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དུ་གྱུར། དེ་རྗེས་རབ་བྱུང་བཅུ་བཞི་པའི་དུས་རབས་བཅུ་དགུའི་ནང་། དཔལ་ས་སྐྱའི་རྗེ་བཙུན་མ་རྟ་འགྲིན་དབང་མོ་སྐལ་བཟང་ཆོས་ཀྱི་ཉི་མ་མཆོག་གནས་འདི་ཞབས་སོར་འཁོད་དེ་མཆོད་རྟེན་ཆེན་མོ་ལ་ཞིག་གསོ་དང་། ཚེ་ཆུ་གཏེར་དུ་བཞེས་ནས་དད་ལྡན་གདུལ་བྱ་རྣམས་ཀྱི་རྒྱུད་ལ་ཐར་པའི་ས་བོན་འདེབས་ནས་བསྟན་འགྲོའི་མཛད་འཕྲིན་རྒྱ་ཆེར་བསྐྱངས་ཏེ་མེས་པོའི་ཕྲིན་ལས་ཀྱི་རྒྱུན་སྐྱོང་། ཕྱི་ལོ་ ༡༩༥༩ ལོ་བསྟན་དགོན་སྤྱི་ལྟར་གོད་ཆག་ཆེན་པོ་བྱུང་སྟེ་མཆོད་རྟེན་ཆེན་མོ་འདིའི་རྣམ་སྲས་བང་མཛོད་ཡན་འཐོར་བཤིགས། དུས་ཕྱིས་རབ་བྱུང་བཅུ་བདུན་པའི་ཆུ་སྦྲུལ་ལོ་སྟེ་ཕྱི་ལོ་ ༢༠༡༣ ལོར་མང་ཚོགས་ཡོངས་ཀྱིས་རེ་སྐུལ་ལྟར་རབ་བརྟན་དགོན་སྒྲུབ་བརྩོན་བླ་མ་བསོད་ནམས་དར་རྒྱས་མཆོག་གདན་ཞུས་བྱས་ཏེ་ཕྱག་ལེན་རྣམས་ཞིབ་ཕྲ་བའི་སྒོ་ནས་བུ་སྟོན་ལུགས་ཀྱི་ཁང་བརྩེགས་མཆོད་རྟེན་དེ་ཉིད་གཟའ་སྐར་ཤིན་ཏུ་དགེ་བའི་ཉིན་བསྐྱར་བཞེངས་ལེགས་གྲུབ་མཛད། བསྐོར་ཚད་ཀྱང་ཆིག་ཁྲི་ཆིག་སྟོང་གཅིག་བརྒྱ་བཅུ་གཅིག་ཡིན་ཞིང་བསྐོར་བ་བྱས་པས་གཅོང་ནད་དང་། ཕོ་བའི་ནད་རིགས་སོགས་འཕྲལ་དུ་ཞི་བ་བཤད་སྲོལ་ཡོད།

{{#arraymap:སྨར་ཁམས་སྐུ་འབུམ་མཆོད་རྟེན་

|; |@@@ | | }}