102293

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྨིན་ཐང་དགོན་ (1)
Part of speech མིང་ཚིག
Definition འོད་གསལ་ཐེག་མཆོག་ཆོས་འཁོར་གླིང་ནི། དུས་རབས་བཅུ་དགུ་བ་ཚུགས་མ་ཐག་ཙམ་ཞིག་ལ་གཞི་ཆེན་སྐྱབས་མགོན་གྱིས་རྨ་ཡི་སྒོམ་ཁང་ཕུག་པར་ཀཿཐོག་པའི་རང་ལུགས་འཛིན་པའི་སྒྲུབ་སྡེ་བཙུགས། ཕྱི་ལོ་ ༡༨༦༥ ལོར་དབོན་སྤྲུལ་མདོ་སྔགས་བསྟན་པའི་རྒྱལ་མཚན་གནས་འདིར་ཕེབས་ནས་སྒོ་མདའ་བཀྲ་ཤིས་ཆོས་ཐང་དུ་སྔར་གྱི་བླ་གྲྭ་ཁག་བཅས་རང་སྡེ་ཁང་སར་གྱི་གྲྭ་རིགས་བསྡུས་ཏེ་དགོན་པ་ཕྱག་བཏབ་ཅིང་། འོད་གསལ་ཐེག་མཆོག་གླིང་ཞེས་མཚན་གསོལ། དེ་རྗེས་གནས་དེར་ཆགས་མ་ཐུབ་པར་ཆོས་རྒྱུན་སོ་སོར་ནག་སྒར་བྱས། དགོན་འདིར་གཞི་ཆེན་དབོན་སྤྲུལ་རིམ་བྱོན་དང་། མཆོག་སྤྲུལ་མཁྱེན་རབ་རྒྱ་མཚོ། རིག་འཛིན་ཀུན་བཟང་ཉི་མ། མ་འདས་ཆོས་ཀྱི་གྲགས་པ། བཻ་རོ་རིན་པོ་ཆེ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་ཆོས་ཀྱི་ཟླ་བ་སོགས་དང་། རང་དགོན་གྱི་མཁན་པོའི་ཐོག་མ་གསའ་བླ་མ་དོན་དམ་ནས་རིམ་པར། བྱང་ཆུབ་རྒྱ་མཚོ། པད་མ་ཆོས་དབྱིངས། གྲགས་པ་མཐའ་ཡས། ཨ་རིག་འོད་འབར། ཤ་བླ་དོན་ལྡན། པདྨ་རིག་འཛིན། དཔལ་འབྱོར་བཟང་པོ། ཤེས་རབ་རྒྱལ་མཚན། བླ་མ་ནོར་བསམ། ཡོན་ཏན་རྒྱ་མཚོ། འཇམ་དབྱངས་བློ་གྲོས་རྒྱ་མཚོ་བཅས་ཀྱིས་བསྐྱངས། ཕྱི་ལོ་ ༡༩༥༨ ལོ་ནས་དགོན་འདིར་གོད་ཆགས་ཐེབས་པ་ཕྱི་ལོ་ ༡༩༨༢ ལོའི་ཟླ་ ༧ ཚེས་ ༡༦ ཉིན་ཆོས་སྒོ་རྒྱ་སླར་ཡང་ཕྱེས་ཏེ། གསའ་བླ་མ་འོད་ནོར་དང་། བླ་མ་བློ་རྡོར། བློ་གྲགས། བློ་སྟོབས། བསྟན་འཛིན། པད་བློ། འཇམ་བསྟན་སོགས་ཀྱིས་བཞུགས་སྤྱིལ་སྦྲ་གུར་ལ་མཛད་ནས་བསྟན་པའི་གཞི་བཟུང་བ་ལ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་གར་དབང་ཉིན་བྱེད་རིན་པོ་ཆེ་དང་། ཆགས་མེད་པད་མ་བློ་གསལ་བསྟན་འཛིན། གཞི་ཆེན་དབོན་སྤྲུལ་ཐུབ་བསྟན་ལུང་རྟོགས་རྒྱ་མཚོ། བཻ་རོ་འཇམ་དབྱངས་བསྟན་པའི་རྒྱལ་མཚན། གཞི་ཆེན་མཁན་པོ་ལུང་རིགས་རྒྱ་མཚོ་སོགས་ནས་དབང་ལུང་ཁྲིད་བཅས་གདམས་ངག་མང་དུ་གནང་ནས་ལུགས་གཉིས་ཀྱིས་བདག་སྐྱོང་གནང་ཞིང་། ཁྱད་པར་དུ་རིས་མེད་བསྟན་འགྲོའི་མགོན་པོ་ཆོས་རྗེ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་རིན་པོ་ཆེ་དང་། སྤྲུལ་བའི་སྐུ་མཆོག་ལུང་རྟོགས་བསྟན་འཛིན་བཟང་པོ། རང་དགོན་གྱི་བསྟན་པའི་བདག་མཆོག་སྤྲུལ་ཐུབ་བསྟན་ཡེ་ཤེས་ཉི་མ་བཅས་ཀྱི་ཐུགས་རྗེ་དང་བཀའ་དྲིན་ལ་བརྟེན་ནས། བཤད་གྲྭ་བླ་རུང་ཉམས་རྟོགས་རང་ཤར་གླིང་དང་། སྒྲུབ་གྲྭ་འོད་གསལ་ལྷུན་གྲུབ་ཁང་སོགས་སུ་རྒྱལ་བའི་བཀའ་དང་འཕགས་བོད་མཁས་གྲུབ་དག་གི་བསྟན་བཅོས་མདོ་སྔགས་རིག་གནས་ཀྱི་གཞུང་སྤྱི་ལ་ཕྱོགས་རིས་མེད་པར་སྦྱང་རྒྱུ་དང་། ཁྱད་པར་སྔ་འགྱུར་རྙིང་མའི་རང་ལུགས་འཛམ་བུའི་གསེར་སྦྱང་ལྟ་བུ་དག་ལ་མཁས་ཚད་ཐོན་པར་བྱེད་རྒྱུ་དང་། སྨིན་གླིང་རྡོར་སེམས་སོགས་ཀྱི་ལོ་མཚམས་ལ་བསྙེན་སྒྲུབ་དང་ཁྲིད་སྦྱང་གཤིས་ཕྱིན་རྟགས་ཐོན་གནང་བའི་ཕྱག་སྲོལ་བཙུགས་ཐུབ་པ་བྱུང་།

{{#arraymap:སྨིན་ཐང་དགོན་

|; |@@@ | | }}