102621

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྨྲ་སྒོ་མཚོན་ཆ་ (1)
Part of speech མིང་ཚིག
Definition བརྡ་སྤྲོད་པའི་གཞུང་རྙིང་པ་ཞིག་སྟེ། མིང་དང༌། ཚིག་དང༌། ཡི་གེ་གསུམ་གྱི་ཚོགས་རྣམས་གསལ་བར་སྟོན་པའི་གཞུང༌། དུས་རབས་བཅུ་གཅིག་པར་པཎྜི་ཏ་སྨྲི་ཏི་ཛྙཱ་ན་ཀིརྟི་སྟེ་དྲན་པ་ཡེ་ཤེས་གྲགས་པས་མཛད་ཅིང་རང་འགྱུར་བྱས་པ་ཞིག བརྩམས་པའི་དུས་ཕྱི་ལོ་༡༠༢༤ལོར་བརྩམས་པར་མཁས་པ་རྣམས་ཀྱིས་རྗེས་སུ་དཔོག་གོ། སྨྲ་སྒོ་མཛད་པ་པོ་སུ་ཡིན་ལ་བཞེད་པ་མི་འདྲ་བ་འགའ་ཡོད་པ་འདི་ལྟར། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས་རྒྱ་གར་གྱི་པཎྜི་ཏས་བརྩམས་པ་མ་ཡིན་གྱི། བོད་ཀྱི་པཎྜི་ཏ་སྐྱེས་ཐོབ་ཀྱི་ཤེས་རབ་དགའ་ཚད་ཡོད་པ། མཁས་པར་རློམ་པ། བློ་གཟེག་པོ་ཞིག་གིས་ལེགས་ལེགས་འདྲ་བྱས་པར་སྣང་ངོ་། །ཞེས་དང་། རྣམ་གླིང་པཎ་ཆེན་གྱིས། དཔང་ལོས་དེ་ལྟར་གསུངས་པ་ནི། དུས་དེར་བསྟན་བཅོས་འདི་ཧ་ཅང་དར་ཆེ་བས། ཀ་ཙཱན་སོགས་གཞུང་ལུགས་ཆེན་པོ་རྣམས་ཀྱི་འཕྲིན་ལས་ལ་གནོད་པ་བྱུང་བར་བརྟེན། དགོངས་པ་ཅན་གྱི་གསུང་དེ་གནང་བ་ཡིན། ཞེས་མཁས་པ་འགའ་ཞིག་བཞེད་པ་དོན་ལ་གནས་ཤིང་། བསྟན་འགྱུར་དཀར་ཆག་སྒྲིག་མཁན་རྣམས་ཀྱིས་ཀྱང་སྨྲྀ་ཏིའི་ཡིན་ཤག་བྱས་པ་ལ། བོད་ཀྱི་མཁས་པ་རོང་ཟོམ་ཆོས་བཟང་དང་། པཎ་ཆེན་ཤཱཀྱ་མཆོག་ལྡན་སོགས་ཀྱིས་དེ་ལ་རྒྱས་འགྲེལ་བརྩམས་པའང་ཡོད། སྨྲྀ་ཏིའི་གསུང་ཡིན་མིན་གང་ལྟར་ཡང་། སུམ་རྟགས་དང་དགོངས་པ་ཕལ་ཆེར་མཐུན་ཞིང་བོད་ཀྱི་སྐད་ལ་ཉེ་བར་མཁོ་བ་དང་། ཚིག་གིས་དོན་སྟོན་པ་ལ་ཚིག་ཕན་ཚུན་སྦྱོར་དགོས་ཤིང་། དོན་གསལ་བར་སྟོན་པ་ལ་ཕྲད་དང་། འཕྲད་འདུས། ཚིག་རྒྱན་རྣམས་མེད་མི་རུང་གི་ཡན་ལག་ཡིན་པས་སྨྲ་སྒོའི་འཆད་ཚུལ་ལ་ལེགས་ཆ་ཤིན་ཏུ་མང་བར་བཞེད་དོ། །སི་ཏུའི་སུམ་རྟགས་འགྲེལ་པར་སྨྲ་སྒོ་རྩ་འགྲེལ་ལ་མི་འཐད་པ་མང་པོ་སྣང་བས་འཕགས་ཡུལ་མཁས་པའི་ལེགས་བཤད་ནི་མིན་པར་ངེས་ཞེས་གསུངས། བུ་སྟོན་རིན་པོ་ཆེའི་བསྟན་འགྱུར་དཀར་ཆག་དང་། སྡེ་དགེའི་བསྟན་འགྱུར་དཀར་ཆག་རྣམས་སུ། སྨྲ་སྒོའི་རྩ་བ་སྨྲྀ་ཏིས་མཛད་པ་ཡིན་ཤག་ལ། འགྲེལ་པ་ཡང་སློབ་དཔོན་རང་ཉིད་ཀྱིས་མཛད་པ་ཡིན་ནམ་ཡང་ཟེར། མཁས་པ་ཁ་ཅིག་རྩ་འགྲེལ་གཉིས་ཀ་བོད་ཀྱི་མཁས་པ་རོང་ཟོམ་ཆོས་བཟང་གིས་མཛད་པར་བཞེད་ཅེས་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བཻ་དཀར་གཡའ་སེལ་ལས་བཤད། གང་ལྟར་ཡང་སྨྲ་སྒོའི་རྩ་བ་ནི་སྨྲྀ་ཏི་ལིང་ཆུ་གསེར་ཁབ་ཏུ་བྱོན་ནས་བརྩམས་པ་རང་འགྱུར་དུ་བྱས་པ་ཡིན་པར་བུ་སྟོན་ཆོས་འབྱུང་དུ་གསུངས་སོ། །ས་སྐྱ་པཎ་ཆེན་གྱི་བཀའ་རྩོམ་དུ་སྨྲ་སྒོ་ཚད་ལྡན་དུ་བཞེད་པའི་ཕྱོགས་ཡིན་པར་འདྲའོ། །རྒྱལ་དབང་ལྔ་པའི་དེབ་ཐེར་དང་། གུང་ཐང་བསྟན་པའི་སྒྲོན་མེའི་གསུང་། སུམ་པ་མཁན་པོ་ཡེ་ཤེས་དཔལ་འབྱོར་གྱིས་མཛད་པའི་དག་ཡིག་རབ་གསལ་མེ་ལོང་གི་མཇུག་ཏུ། སྨྲྀ་ཏིས་མཛད་པར་མཁས་པ་མང་བོས་བཞེད། མཁས་དབང་ཚེ་ཏན་ཞབས་དྲུང་གིས་ཀྱང་སྨྲ་སྒོ་སྨྲྀ་ཏིས་མཛད་པའི་ཕྱོགས་སུ་བཞེད།

{{#arraymap:སྨྲ་སྒོ་མཚོན་ཆ་

|; |@@@ | | }}