102851

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྲན་མ་ (1)
Part of speech མིང་ཚིག
Definition གཞུང་རྟ་ལྗང་དཀར་འཇམ་ལ་མཉེན་པ། ཡལ་ག་ཕན་ཚུན་འཁྱུད་ནས་སྐྱེ་བ། ཚིགས་མཚམས་ཀྱི་ལོ་མ་སྔོ་ལྗང་ཉིས་འབྲེལ་ཕྱེ་མ་ལེབ་ཀྱི་གཤོག་པ་འདྲ། མེ་ཏོག་ཕྱེ་ལེབ་ཕྱི་འདབ་དཀར་ཞིང་ནང་འདབ་སྨུག་པ། གང་བུ་རིང་ཞིང་ནང་དུ་འབྲས་བུ་སྔོ་ནག་རིལ་རིལ་གསུམ་ནས་བཅུའི་བར་ཆགས་པས་སྲན་རིལ་ཡང་ཟེར། མི་ཟས་རྟ་ཆས་གང་བྱས་བཟང་། ནས་དང་བསྲེས་ནས་ཆང་བསྙལ་ནའང་བཟང་། ནུས་པ་མཁལ་མའི་ནད་ལ་ཕན། ཁྲག་ཤོར་གཅོད། འབྲས་བུ་རོ་མངར་ཁ། ཞུ་རྗེས་ནུས་པ་མཆོག་ཏུ་བསིལ་ལ་ཡང་། རླུང་སྐྱེད་དུག་ནད་སྣོད་ལ་བྱེར་བ་སྡུད། མཁྲིས་པའི་ཞག་ལེན་རྨ་དང་འབྲུམ་ལ་ཕན་པ་ཞིག
Keyword True

{{#arraymap:སྲན་མ་

|; |@@@ | | }}