102865

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྲབ་ (1)
Part of speech མིང་ཚིག
Definition རྟའི་ཁ་ལོ་སྒྱུར་བྱེད་ཀྱི་ཡོ་བྱད་ཅིག རྟ་མཐུར་དང་རིགས་གཅིག་པའི་འོག་སྣེ་གཉིས་སུ་ལྕགས་ཀྱི་ཨ་ལོང་ཆ་གཅིག་བཏགས་ཡོད་པ་དང་། ཨ་ལོང་དེ་གཉིས་ལྕགས་ཧྲིལ་ཆུང་ངུ་གཉིས་མཐུད་ནས་ཕན་ཚུན་སྦྲེལ་ཡོད། ལྕགས་ཀྱི་ཨ་ལོང་དང་ལྕགས་མཐུར་སྦྲེལ་བ་དེ་ལ་ཁ་ལྷུ་ལྕེ་མདུད་ཟེར། ལྕེ་མདུད་རྟའི་ཁ་ནང་དུ་བཅུག་ནས་མཐུར་མགོ་རྟའི་མགོ་ལ་བཀོན་ཞིང་། ཁ་ལྷུའི་སྣེ་གཉིས་ལ་ཐག་པ་བཏགས་པའི་དོ་ཁུག་ཅན་གྱི་ཐག་པ་དེ་ལ་སྲབ་སྐྱོར་ཟེར། སྲབ་སྐྱོར་གྱི་གཡས་གཡོན་གཉིས་སུ་རྟ་ལ་ཆིབས་མཁན་གྱིས་བཟུང་ནས་རྟ་ཁ་ཡས་མས་དཀྱུ་དགོས།
Keyword True

{{#arraymap:སྲབ་

|; |@@@ | | }}

སྲབ་ (1)
Part of speech རྒྱན་ཚིག
Definition དབྱིབས་ལེབ་མོའི་རིགས་ཀྱི་དངོས་རྫས་ཀྱི་ཁ་ཞེང་ངམ་མཐུག་ཚད་ཆུང་བའི་དོན།
Keyword True
Example རྡོ་སྲབ། ཤིང་སྲབ་ལྟ་བུ།
Antonyms མཐུག

{{#arraymap:སྲབ་

|; |@@@ | | }}

སྲབ་ (1)
Part of speech བྱ་ཚིག
Definition དངོས་པོ་གང་ཞིག་ཆུང་དུ་ཕྱིན་པའམ་ཞེང་ཁ་ཇེ་ཆུང་དུ་སོང་བའི་དོན།
Keyword True
Transitive བྱ་བྱེད་ཐ་མི་དད་པ།
Future [བསྲབ།, ཚ་དྲོད་འཕར་ན་གངས་རི་བསྲབ་ཉེན་ཡོད།]
Present [སྲབ།, གངས་རི་སྲབ་བཞིན་པ།]
Past [བསྲབས།, གངས་རི་བསྲབས་འདུག་ལྟ་བུ།]

{{#arraymap:སྲབ་

|; |@@@ | | }}