102888

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྲམ་ (1)
Part of speech མིང་ཚིག
Definition སྐམ་གཤེར་གཉིས་སུ་འཚོ་བའི་སྲོག་ཆགས་ཀྱི་སྡེར་གཏོགས་པ་ཞིག་སྟེ། སྲམ་ལ་ཆུ་སྲམ་དང་བྲག་སྲམ་ཞེས་གནས་སའི་དབྱེ་བས་རིགས་གཉིས་ཡོད་ཅིང༌། གཟུགས་དབྱིབས་ཕལ་ཆེར་བྱི་ལ་དང་འདྲ་ཡང་བྱི་ལ་ལས་ཧ་ཅང་གི་སྦོམ་ཞིང་རིང་བ་དང་། མགོའི་དབྱིབས་ཉ་ཡི་མགོ་འདྲ་བ་། མཆུ་ཅུང་ཟད་ཐུང་བ་དང་མཇུག་མ་ཕྲ་ལ་རིང་བ་ཡོད། སུག་བཞི་ཐུང་བའི་རྩེར་སྡེར་མོ་རྣོན་པོ་ཡོད་པའི་བར་ལ་སྐྱི་ལྤགས་སྲབ་མོས་འབྲེལ་བ། ལུས་ཀྱི་སྤུ་མཐུག་ཅིང་ཐུང་ལ་རྒྱབ་གཞུང་གི་སྤུ་མདོག་ཁམ་ནག་ལ་གྲ་མདངས་རྒྱས་ནས་འོད་དང་ལྡན་ཞིང༌། བྲང་གཞུང་དང༌། གསུས་པ། སུག་བཞིའི་ནང་ངོས་བཅས་ཀྱི་སྤུ་མདོག་སྐྱ་བོ་ཡིན། གཙོ་བོ་དལ་འབབ་ཀྱི་ཆུ་བོ་དང༌། རྒྱ་མཚོའི་ནང་གནས་ཤིང༌། དེ་མིན་ཆུ་འགྲམ་དང༌། བྲག་སྲུབས། ནགས་གསེབ། རྩྭ་ཕུར་གྱི་གསེང༌། རྡོ་ཡི་སྲུབས་སོགས་སུའང་གནས་ཡོད། སྤྱིར་བཏང་ཉིན་མོ་ཉལ་ཞིང་མཚན་མོ་རྒྱུ་བ་དང༌། ཟས་སུ་གཙོ་བོ་ཉའི་རིགས་ཟ་བར་མ་ཟད། སྦལ་པ་དང༌། ཨ་བྲ། ཆུ་བྱ་སོགས་ཀྱང་ཟ་ཡི་ཡོད། དཔྱིད་དང་དབྱར་གྱི་དུས་འཁྲིག་སྦྱོར་བྱེད་ཅིང་མངལ་སྦྲུམ་ཡུན་ཚད་ཟླ་བ་གཉིས་ལྷག་ཙམ་ཡིན། བཙའ་ཐེངས་གཅིག་ལ་ཕྲུ་གུ་གཅིག་ནས་ལྔ་བར་བཙའ་བ་ཡིན།
Keyword True
Synonyms སྐད་ཅིག་དབུགས། ཆུ་ཡི་སྤྲེའུ། ཆུར་འཛུལ། ཉ་འཛིན། ཉ་འབིགས། འུག་པ་མཆོད་བྱེད།

{{#arraymap:སྲམ་

|; |@@@ | | }}