103067

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྲིད་ལྡན་ (1)
Part of speech མིང་ཚིག
Definition ཟླ་བའི་མིང་སྟེ། ཟླ་བའི་བསིལ་ཟེར་གྱིས་ཆགས་པ་བསྐྱེད་པས་སྤྲེལ་རྒན་དང་བྲག་སྲིན་མོ་འདུས་ནས་སྲིད་པ་སྤེལ་པས་ན་སྲིད་ལྡན་ཞེས་ཐོགས།
Type མངོན་བརྗོད།

{{#arraymap:སྲིད་ལྡན་

|; |@@@ | | }}

སྲིད་ལྡན་ (2)
Part of speech མིང་ཚིག
Definition ཆོས་ལུགས། མདོ། མངོན་པ། གཉིས་པ་སྲིད་ལྡན་ལ། ཉུང་ལྡན། མང་ལྡནགཉིས། དང་པོ་སྟོན་པ་ལ། དགེ་མེད་ནང་ན་ཉུང་ལྡན་པ། །ལུས་ཚོར་སྲོག་ཡིད་བརྒྱད་དང་ལྡན། །གཟུགས་མེད་བྱིས་པའང་དེ་བཞིན་ནོ། །བཏང་སྣོམས་སྲོག་ཡིད་དགེ་རྣམས་དང་། །ཞེས་པ་འདི་བྱུང་། དགེ་མེད་དེ་དགེ་རྩ་ཆད་པའི་གང་ཟག་ཡིན་ན་དབང་པོ་བརྒྱད་དང་ལྡན་པ་སྲིད་དེ། ལུས་དང་ཚོར་བའི་ལྔ་དང་སྲོག་ཡིད་ཀྱི་དབང་པོ་རྣམས་དང་ལྡན་པའི་ཕྱིར་ཏེ། རང་འགྲེེལ་ལས། དགེ་མེད་ནི་དགེ་བའི་རྩ་བ་ཀུན་ཏུ་ཆད་པ་སྟེ་དེ་ནང་ན་ཉུང་བ་དག་དང་ལྡན་ན་ཚོར་བ་ལྔ་དག་དང་། ལུས་དང་ཡིད་་དང་སྲོག་དག་དང་དབང་པོ་བརྒྱད་དང་ལྡན་ནོ། ཞེས་གསུངས་པའི་ཕྱིར། གཟུགས་མེད་པའི་སོ་སོ་སྐྱེ་བོ་ཡང་གྲངས་ལྔ་མ་བཞིན་བརྒྱད་དང་ལྡན་པ་སྲིད་དེ། བཏང་སྙོམས་སྲོག་ཡིད་དད་སོགས་ལྔ་རྣམས་དང་ལྡན་པ་སྲིད་པའི་ཕྱིར་ཏེ། རང་འགྲེལ་ལས། བྱིས་པ་ཞེས་བྱ་བ་ནི་སོ་སོ་སྐྱེ་བོའི་མིང་ངོ། བརྒྱད་གང་དག་དང་ལྡན་ཞེ་ན། བཏང་སྙོམས་སྲོག་ཡིད་དགེ་རྣམས་དང་། བཏང་སྙོམས་དང་སྲོག་དང་ཡིད་དང་དད་པ་ལ་སོགས་པ་དང་ལྡན་ནོ། དགེ་བ་སྨོས་པས་དད་པ་ལ་སོགས་པ་གཟུང་བར་བྱ་སྟེ། གཅིག་ཏུ་དགེ་བ་ཡིན་པའི་ཕྱིར་རོ། ཞེས་གསུངས་པའི་ཕྱིར། གཉིས་པ་སྟོན་པ་ལ། མང་པོར་ལྡན་ལ་བཅུ་དགུ་སྟེ། །དྲི་མེད་རྣམས་མ་གཏོགས་སོ། །མཚན་གཉིས་འཕགས་པ་ཆགས་བཅས་ཏེ། །མཚན་གཅིག་དྲི་མེད་གཉིས་མ་གཏོགས། །ཞེས་གསུངས། འདོད་པའི་སོག་སྐྱེ་དབང་པོ་མང་པོ་དང་ལྡན་པ་ལ་བཅུ་དགུ་དང་ལྡན་པ་སྲིད་དེ། དབང་པོ་ཀུན་ཚང་ཞིང་དགེ་རྩ་མ་ཆད་པ་མཚན་གཉིས་པ་གཅིག་དྲི་མེད་ཀྱི་དབང་པོ་གསུམ་མ་གཏོགས་པའི་བཅུ་དགུ་དང་ལྡན་པའི་ཕྱིར་ཏེ། རང་འགྲེལ་ལས། མཚན་གཉིས་པ་དབང་པོ་ཚང་བ་གང་ཡིན་པ་དེ་ནི་བཅུ་དགུ་དང་ལྡན་ནོ། ཞེས་གསུངས་པའི་ཕྱིར། འཕགས་པ་མཐོང་ལམ་པ་དང་སྒོམ་ལམ་པ་གང་རུང་ལའང་བཅུ་དགུ་དང་ལྡན་པ་སྲིད་དེ། དྲི་མེད་གཉིས་དང་ཕོ་མོའི་མཚན་གང་རུང་གཅིག་མ་གཏོགས་པ་རྣམས་དང་ལྡན་པ་ཡོད་པའི་ཕྱིར། རང་འགྲེལ་ལས། སློབ་པ་འདོད་ཆགས་དང་མ་བྲལ་བ་ཡང་ནང་ན་མང་པོ་དང་ལྡན་ན་བཅུ་དགུ་དང་ལྡན་ཏེ། མཚན་གཅིག་དྲི་མེད་གཉིས་མ་གཏོགས། །མཚན་གཅིག་དང་ཟག་པ་མེད་པ་གཉིས་ཏེ། ཞེས་གསུངས་པའི་ཕྱིར།

{{#arraymap:སྲིད་ལྡན་

|; |@@@ | | }}