103085

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྲིན་པོ་ (1)
Part of speech མིང་ཚིག
Definition མི་དང་སྲོག་ཆགས་ཀྱི་ཤ་ཁྲག་ལ་སྤྱོད་པའི་སེམས་ཅན་གདུག་རྩུབ་ཅན་ཞིག་སྟེ། ཕལ་ཆེར་ཡི་དྭགས་སུ་གཏོགས་པ་ཤིག་སྟེ། ཅོ་ནེའི་མཛོད་ཀྱི་ཊཱིཀྐ་ལས། འབྱུང་པོ་ཤ་ཟ་སྲིན་པོོ་སྨྱོ་བྱེད་བརྗེད་བྱེད་གཤིན་རྗེ་མ་མོ་སོགས་ཕལ་ཆེར་ཡི་དྭགས་སུ་གཏོགས་ཤིང་། ཞེས་གསུངས།
Synonyms སྣ་ཚོགས་མདོག མིག་དམར། སྒྲ་སྒྲོག ཤ་རྗེན་ཟ། མཚན་མོ་སྤྱོད། རཀྵ་ས། ཀུན་ཏུ་འཚེ། འགྲོ་བ་འཛིན། ཀུན་གསོད། མགོ་གསུམ་པ། མགྲིན་དམར། འཇིགས་བྱེད། རྗེས་འཇུག མི་ལ་འཚེ། བདེན་བྲལ། ཕུར་འདེབས། འབོད་སྒྲོག མི་ལ་ལྟ། ཚོགས་རེངས། མཚན་མོ་རྒྱུ། སྲོད་ལ་རྒྱུ། མཚན་མོ་སྟོབས། ཐུན་མཚམས་སྟོབས། མཚན་མོ་ཟ། སྲོད་ལ་ཟ། ཟ་བྱེད། ཤ་སྲེད། ཤ་དགའ། ཤ་ཡི་ཟས་ཅན། ཤ་ཟ། རོ་ཟན། ཁྲག་འཐུང་། བསོད་ནམས་སྐྱེ་བོ། སྲུང་བ་པ།

{{#arraymap:སྲིན་པོ་

|; |@@@ | | }}

སྲིན་པོ་ (2)
Part of speech མིང་ཚིག
Definition སྐབས་ཐོབ་ཀྱི་སྲིན་པོ་ཕོ་ཁོ་ན་ལ་གོ་སྟེ།
Example སྲིན་པོ་སྲིན་མོ་རྒྱུ་བའི་གནས། །རྔ་ཡབ་ལངྐའི་གྲོང་ཁྱེར་ཡོད། །ལྟ་བུ།

{{#arraymap:སྲིན་པོ་

|; |@@@ | | }}

སྲིན་པོ་ (3)
Part of speech མིང་ཚིག
Definition བྱང་ཆུབ་སེམས་དཔའ་ཆེན་པོའི་རྣམ་པར་འཕྲུལ་པ་ལེའུ་རབ་འབྱམ་ལས་བཅོན་ལྡན་འདས་མ་འཕགས་མ་སྒྲོལ་མའི་རྩ་བའི་རྟོག་པ་ཞེས་བྱ་བའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ཚ་པར་བཞུགས།

{{#arraymap:སྲིན་པོ་

|; |@@@ | | }}

སྲིན་པོ་ (4)
Part of speech མིང་ཚིག
Definition བཀའ་འགྱུར་རྒྱུད་འབུམ་ཚ་པར་བཞུགས།

{{#arraymap:སྲིན་པོ་

|; |@@@ | | }}

སྲིན་པོ་ (5)
Part of speech མིང་ཚིག
Definition གྲངས་དགུ་སྟེ། གཏེར་དགུ་ལ་སྲུང་བ་པོ་སྲིན་པོ་དགུ་ཡོད་པས་དེ་ལྟར་བཏགས།
Type མངོན་བརྗོད།

{{#arraymap:སྲིན་པོ་

|; |@@@ | | }}

སྲིན་པོ་ (6)
Part of speech མིང་ཚིག
Definition ཤིང་ཡོས་ལོ།
Domain རྩིས་རིག

{{#arraymap:སྲིན་པོ་

|; |@@@ | | }}