103154

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྲིབ་ (1)
Part of speech མིང་ཚིག
Definition རི་བོ་སོགས་ཀྱི་བྱང་ངོས་སམ་ཉི་འོད་མི་འཆར་བའི་གནས་ཀྱི་མིང་སྟེ།
Keyword True
Example རྩྭ་ཉིན་ནས་བཟས་ཏེ། ལྕི་བ་སྲིབ་ལ་བཏང་ན་མི་མཛའ་ལྟ་བུ། ལྡོག་ཚིག ཉིན།

{{#arraymap:སྲིབ་

|; |@@@ | | }}

སྲིབ་ (2)
Part of speech མིང་ཚིག
Definition གསོ་བ་རིག་པར་བཤད་པའི་གདགས་སྲིབ་ཅེས་པའི་སྲིབ་ཀྱི་དོན་ཏེ། གདགས་སྲིབ་ཅེས་པ་ནི་ཉིན་མོ་གདགས་དང་མཚན་མོ་སྲིབ། ཚ་ནད་གདགས་དང་གྲང་ནད་སྲིབ། ལུས་སྟོད་གདགས་དང་ལུས་སྨད་སྲིབ། ནད་པའི་རྩ་ལ་ལྟ་སྐབས་མཛུབ་མོའི་ཡར་ཟུར་གདགས་དང་མར་ཟུར་སྲིབ་ཟེར་བ་སོགས་ཀྱི་གདགས་སྲིབ་ལ་བརྟེན་ནས་འགལ་བ་སྣ་ཚོགས་འགྲེལ་བཤད་བྱེད་པའི་གསོ་བ་རིག་པའི་བཤད་ཚུལ་ཞིག
Domain གསོ་རིག

{{#arraymap:སྲིབ་

|; |@@@ | | }}

སྲིབ་ (1)
Part of speech བྱ་ཚིག
Definition ལས་ཀ་ལྷག་འཕྲོ་མེད་པར་བྱ་བའི་དོན།
Transitive བྱ་བྱེད་ཐ་དད་པ།
Future [བསྲིབ།, འགོ་བཙུགས་ན་མཇུག་བསྲིབ་དགོས།]
Present [སྲིབ།, ལས་ཀ་སྲིབ་བཞིན་ཡོད།]
Past [བསྲིབས།, རང་གི་ལས་དོན་བསྲིབས་ཟིན།]
Imperative [སྲིབས།, རང་དོན་སྲིབས་ཤིག་ལྟ་བུ།]

{{#arraymap:སྲིབ་

|; |@@@ | | }}