10333

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཡས་རུའི་བྲུད་ཀྱི་མཁར་གདོང་ (1)
Part of speech མིང་ཚིག
Definition གཞིས་རྩེ་ས་གནས་རྣམ་གླིང་རྫོང་། ཐོབ་རྒྱལ་ཤང་གི་ཁོངས་སུ་ཡོད་པའི་ཡ་ཐོག་བོན་གྱི་སྒྲུབ་གནས་ཁྱད་པར་ཅན་ཞིག་ཡིན། དེ་ལ་མཁར་སྣ་དགོན་ནམ། མཁར་སྣ་གཡུང་དྲུང་བསྟན་རྒྱས་གླིང་། མཁར་སྣ་བསམ་གཏན་གླིང་། བོན་གྱི་གྲྭ་ས་གོང་འོག་བར་གསུམ་ལས་གྲྭ་ས་བར་བ་ཞེས་རིམ་པས་མིང་ཐོགས་སོ། །དེ་ཡང་སྟོན་པ་གཤེན་རབ་མི་བོ་ཆེ་བོད་དུ་ཕེབས་སྐབས་སུ་ཞབས་པད་བཀོད་པ་དང། དུས་ཕྱིས་སུ་བོད་རྒྱལ་མུ་ཁྲི་བཙད་པོས་ཞང་ཞུང་ནས་མཁས་པ་བརྒྱ་རྩ་བརྒྱད་གདན་དྲངས་ཏེ། བོད་དབུས་གཙང་གི་གནས་སུ་འདུ་གནས་སོ་བདུན་བཏབ་པའི་ཁོངས་སུ། གཡས་རུའི་འདུ་གནས་གྲལ་དུ་བྲུད་ཀྱི་མཁར་གདོང་བོན་གྱི་འདུ་འཚོགས་ཞེས་པ་འདི་ཡིན། དེ་བཞིན་རྒྱལ་གཤེན་ཐུགས་བསྟན་གཉེར་དཔོན་བླ་ཆེན་དྲན་པ་ནམ་མཁའ་དང་། དེའི་སྲས་ཚེ་དབང་རིག་འཛིན་སོགས་ཞང་བོད་རིག་འཛིན་གྱི་སྒྲུབ་གནས་དང་། དུས་རབས་བཅོ་ལྔའི་ནང་དུའང་རྗེ་མཉམ་མེད་ཆེན་པོ་དེར་དངོས་སུ་བཞུགས་ཤིང་སྒྲུབ་པ་ཉམས་ལེན་གནང་སྟེ། ཕྱིས་སུ་རྗེ་སྨན་རི་ཚང་གི་སྒྲུབ་པ་ཉམས་ལེན་གནང་སའི་སྒྲུབ་གནས་སུ་ཆགས་ཡོད། དེ་ལ་འོད་ཟེར་ཕུག་དང། རྒྱལ་མཚན་ཕུག་བཅས་བཀའ་རྟགས་རང་བྱུང་སོགས་ད་ལྟའང་ཆུ་བུར་མིག་གི་མཇལ་ཡུལ་དུ་གྲུབ་ཡོད། ཕྱིས་སུ་སྨན་རིའི་མཁན་རབས་ཉེར་ལྔ་པ་འགྲོ་མགོན་ཤེས་རབ་གཡུང་དྲུང་མཆོག་གིས། རབ་བྱུང་བཅོ་ལྔ་པའི་ཆུ་བྱ་ཕྱི་ལོ་ ༡༨༧༣ ལོར་མཁར་སྣ་གཡུང་དྲུང་བསྟན་རྒྱས་གླིང་ཞེས་པའི་དགོན་པ་གསར་བཏབ་གནང་ཞིང་། བོན་གྱི་གྲྭ་ས་གོང་འོག་བར་གསུམ་ལས་གྲྭ་ས་བར་པ་ཡང་དེ་ནས་ཆགས་སོ། །གདན་ས་དེ་ལ་རྗེ་སྨན་རི་ཡི་ལུགས་ལྟར་བསྟན་པའི་འཕྲིན་ལས་བསྐྱངས་དང་སྐྱོང་མུས་སོ། །མཁར་སྣ་དགོན་ལ་མཁན་རབས་བདུན་ཙམ་ཕྱིན་ཡོད། བདུན་ནི། མཁན་རབས་དང་པོ་འགྲོ་མགོན་ཤེས་རབ་གཡུང་དྲུང་། མཁན་རབས་གཉིས་པ་བསོད་ནམས་སེང་གེ མཁན་རབས་གསུམ་པ་རྒྱལ་བ་གཡུང་དྲུང་། མཁན་རབས་བཞི་བ་བསྟན་འཛིན་དབང་རྒྱལ། མཁན་རབས་ལྔ་བ་གཡུང་དྲུང་རྒྱལ་མཚན། མཁན་རབས་དྲུག་པ་རྒྱལ་བ་ཚུལ་ཁྲིམས། མཁན་རབས་བདུན་པ་ཡོན་ཏན་སེང་གེ་བཅས་ཡིན་ནོ། །

{{#arraymap:གཡས་རུའི་བྲུད་ཀྱི་མཁར་གདོང་

|; |@@@ | | }}