103358

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྲོག་ཆགས་དང་བཅས་པ་ལ་སྤྱོད་པའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition འདུལ་བ་རྣམ་པར་འབྱེད་པའི་སྡེ་ཚན། འདུལ་བ་ཇ་པར་བཞུགས།

{{#arraymap:སྲོག་ཆགས་དང་བཅས་པ་ལ་སྤྱོད་པའི་ལྟུང་བྱེད་

|; |@@@ | | }}

སྲོག་ཆགས་དང་བཅས་པ་ལ་སྤྱོད་པའི་ལྟུང་བྱེད་ (2)
Part of speech མིང་ཚིག
Definition མདོ། འདུལ་བ། ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་གཞན་ཁོ་ནའི་དོན་དུའམ་རང་གཞན་ཐུན་མོང་གི་དོན་དུ་ཆུ་དང་ས་དང་ཤིང་ལ་སོགས་པ་སྲོག་ཆགས་དང་བཅས་པ་ལ་སྲོག་ལ་མ་ལྟོས་པའི་བསམ་པའི་ལོངས་སྤྱོད་པས་གཞི་མའི་ཞར་ལ་དུད་འགྲོ་ཤི་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་ལས། དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་ཡིན་པ་སྟེ། ལུང་དང་མདོ་རྩ་བ་ལས་སྲོག་ཆགས་དང་བཅས་པ་ཞེས་སྤྱིར་གསུངས་ཀྱང། ཊཱི་ཀ་ལས་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་ཆགས་ཞེས་བཤད་དོ། །ཐ་མལ་བའི་མིག་ལ་སྣང་བ་སྟེ། སྐབས་འདི་ཉིད་ཀྱི་ལུང་རྣམ་འབྱེད་ལས། གང་དག་མིག་གིས་མཐོང་བར་འགྱུར་བར་ཞེས་གསུངས་སོ། །ས་འམ་ཆུ་ལྟ་བུ་གཞི་མ་དང་བཅས་པ་སྟེ། སྲོག་ཆགས་དང་བཅས་པ་ཞེས་སྲོག་ཆགས་དང་ལྡན་པའི་ཚིག་ཏུ་གསུངས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་པའོ། །ཀུན་སློང་ནི་གཞན་ཁོ་ནའི་དོན་དུའམ་རང་གཞན་ཐུན་མོང་གི་དོན་དུ་སྲོག་ཆགས་ལ་མ་ལྟོས་པར་གཞི་མའི་ཞར་ལ་སྲོག་ཆགས་དང་བཅས་པ་ལ་སྤྱོད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་ངམ་གཞན་བསྐོས་པའི་སྲོག་ཆགས་དང་བཅས་པ་ལ་སྤྱོད་པར་ཞུགས་པའོ། །མཐར་ཐུག་ནི་སྦྱོར་བ་དེའི་རྐྱེན་གྱིས་དུད་འགྲོའི་སྲོག་གི་དབང་པོ་འགགས་པའོ། །ཞེས་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། མདོ་ལས། འདེབས་པ་དང་། ཞེས་དང་། འདིར་རང་སྤྱོད་པའི་དོན་ཉིད་དེ་ལས་གཞན་ལའོ། །ཞེས་པས་བསྟན། ངོ་བོ་ནི། དགེ་སློང་གིས་གཞན་དོན་དུ་སྲོག་ཆགས་དང་བཅས་པའི་ཆུ་དང་རྩྭ་དང་ཤིང་ལ་སོགས་པ་ལ་དེར་ཤེས་བཞིན་དུ་ལོངས་སྤྱོད་པའི་བཅས་པའི་ཁ་ན་མ་ཐོ་བའོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།

{{#arraymap:སྲོག་ཆགས་དང་བཅས་པ་ལ་སྤྱོད་པའི་ལྟུང་བྱེད་

|; |@@@ | | }}