103359

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྲོག་ཆགས་དང་བཅས་པའི་ཆུ་ལ་ལོངས་སྤྱོད་པའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། དགེ་སློང་གིས་རང་ཁོ་ནའི་ཆེད་དུ་སྲོག་ལ་ལྟོས་མེད་ཀྱི་བསམ་པས་ཆུ་དང་ཤིང་དང་ས་ལ་སོགས་པར་སྤྱོད་པས་སྲོག་ཆགས་ཤི་བ་ལས་གྱུར་བའི་ལྟུང་བ་ཞིག་ཟེར། དེའི་ངོ་ཏི་ནི། པཎ་ཆེན་འདུལ་བ་ལས། རང་ཁོ་ནའི་དོན་དུ་ཆུ་ལ་སོགས་པ་ལ་སྲོག་ཆགས་ཡོད་མེད་མ་བརྟགས་པར་ལྟོས་མེད་ཀྱི་བསམ་པས་ལོངས་སྤྱོད་པ་ན་སྲོག་ཆགས་ཤི་བ་དེའི་ཚེ་ལྟུང་བར་འགྱུར་བའི་ཕྱིར། གླེང་གཞི་ནི། ཡུལ་ཀོ་ཤཱམྦྷིར་འདུན་པས་སྲོག་ཆགས་དང་བཅས་པའི་ཆུ་ལ་ལོངས་སྤྱོད་པས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་དུད་འགྲོའི་སྲོག་ལ་གནོད་པའོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:སྲོག་ཆགས་དང་བཅས་པའི་ཆུ་ལ་ལོངས་སྤྱོད་པའི་ལྟུང་བྱེད་

|; |@@@ | | }}