103360

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition འདུལ་བ་རྣམ་པར་འབྱེད་པའི་སྡེ་ཚན། འདུལ་བ་ཇ་པར་བཞུགས།

{{#arraymap:སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པའི་ལྟུང་བྱེད་

|; |@@@ | | }}

སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པའི་ལྟུང་བྱེད་ (2)
Part of speech མིང་ཚིག
Definition མདོ། འདུལ་བ། ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་ཁོ་ནའི་དོན་དུ་ཆུ་དང་ས་དང་ཤིང་ལ་སོགས་པ་སྲོག་ཆགས་དང་བཅས་པ་ལ་སྲོག་ལ་མ་ལྟོས་པའི་བསམ་པས་གཞི་མའི་ཞར་ལ་སྤྱད་པས་དུད་འགྲོ་ཤི་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། སྔར་གྱི་སྲོག་ཆགས་དང་བཅས་པའི་སྐབས་དང་འདྲའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་ཁོ་ནའི་དོན་དུ་སྲོག་ལ་མ་ལྟོས་པ་གཞི་མའི་ཞར་ལ་སྲོག་ཆགས་དང་བཅས་པ་ལས་སྤྱོད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་ངམ་བསྐོས་པས་སྲོག་ཆགས་དང་བཅས་པ་ལ་སྤྱོད་པར་ཞུགས་པའོ། །མཐར་ཐུག་ནི་སྦྱོར་བ་དེའི་རྐྱེན་གྱིས་དུད་འགྲོ་ཤི་བའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། རང་སྤྱོད་པའི་དོན་ཉིད་ལ་འཇུག་པ་དང། འཇུག་ཏུ་འཇུག་པ་དག་ལའོ། །ཤེས་གཙོའོ། །སྲོག་ཆགས་དང་བཅས་པའི་ཉིད་ལའོ། །ཞེས་པས་བསྟན། ངོ་བོ་ནི། དགེ་སློང་གིས་རང་དོན་དུ་སྲོག་ཆགས་དང་བཅས་པའི་ཆུ་དང་རྩ་སོགས་ལ་ལོངས་སྤྱོད་པ་དང། གཞན་ཡང་དེ་ལ་སྤྱོད་དུ་འཇུག་པའི་བཅས་པའི་ཁ་ན་མ་ཐོ་བའོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།

{{#arraymap:སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པའི་ལྟུང་བྱེད་

|; |@@@ | | }}