10341

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཡི་ (1)
Part of speech མིང་ཚིག
Definition གཟུགས་དབྱིབས་ཕལ་ཆེར་གཟིག་དང་འདྲ་བའི་གཅན་གཟན་ཞིག་སྟེ། ཆེ་ཆུང་ཙམ་མ་གཏོགས་གཟུགས་དབྱིབས་སོགས་གཟིག་དང་མཚུངས་ཤིང་། སྟོབས་གཟིག་ལས་ཆུང་བར་དཀྱུས་ཐུང་ཞིང་སུག་བཞི་སྦོམ་ལ་ཐུང་བ་དང་། རྣ་རྩའི་ཞིང་ཆེན་རྣ་རྩེར་སྤུ་ནག་མཐུག་པོ་གྱེན་དུ་གཟེངས་བ། འགྲམ་པར་སྤུ་རིང་པོ་མར་ལ་དཔྱངས་པ། མཇུག་མ་ཐུང་བའི་དབྱིབས་ཁྱི་མཇུག་འདྲ་བ་རྩེ་ནག་པོ་ཟླུམ་པ་རྒྱབ་ཀྱི་སྤུ་ཁ་མདོག་ལྟ་བུ། རྒྱབ་གཞུང་གི་སྤུ་ཁ་ནག་ཤས་ཆེ། གསུས་པའི་སྤུ་ཁ་སེར་སྐྱ་དང་སུག་བཞིའི་སྤུ་ཁ་ས་མདོག་ཡིན། མིག་གི་མཐའ་ལ་སྐྱེས་པའི་སྤུ་དཀར་པོ་ཡིན། རྒྱུན་དུ་འཚོ་གནས་བྱེད་ཡུལ་ནགས་ཚལ་སྟུག་པོ་དང་བྲག་རིའི་སྟེང་དུ་གནས། ཁེར་རྐྱང་ངམ་ཁྱུ་བྱས་ནས་འགྲོ་འོང་བྱེད། ཤིང་སོགས་ལ་འཛེག་ཐུབ་ལ་ཆུ་རྐྱལ་ཡང་མཁས་པ། ཟས་སུ་གཙོ་བོ་རི་བོང་དང་། ཨ་བྲ། གསོམ་བྱེད། དེ་ཕོ། གོང་མོ་སོགས་ཟ་བ། ཁ་ཤ་སོགས་སྲོག་ཆགས་ཆེ་རིགས་ཀྱང་བཟུང་ནས་ཟ། འོན་ཀྱང་སྒྱིད་ལུག་ཆེ་བས་ཉིན་མཚན་ཁ་ཤས་ཁ་རོག་ཉལ་བསྡད་ནས་ཟས་མ་ཟོས་ནའང་ཆོག ཟླ་བ་གསུམ་པ་བཞི་པར་འཁྲིག་སྦྱོར་བྱེད་ཅིང་མངལ་སྦྲུམ་གྱི་ཡུན་ཚན་ཟླ་བ་གཉིས་ཙམ་ཡིན་པ་དང་བཙའ་ཐེངས་རེ་ལ་ཕྲུ་གུ་གཉིས་གསུམ་ཙམ་བཙའ་བ་ཡིན། གཅན་གཟན་དེའི་པགས་པ་ནི་པགས་རིགས་རྩ་ཆེན་ཞིག་ཀྱང་ཡིན་ནོ། །
Keyword True

{{#arraymap:གཡི་

|; |@@@ | | }}