10351

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཡུ་ (1)
Part of speech མིང་ཚིག
Definition རང་བྱུང་གི་རྡོ་རིགས་ལས་འབྱུང་བའི་རིན་པོ་ཆེའི་རིགས་ཤིག་སྟེ། གཏེར་རྫས་རིག་པའི་ཐོག་གཡུ་ནི་མུ་ཟི་དང༌། ཟངས་རྡོའི་གཡའ་དྲེག་ལ་ཆགས་པའི་དངོས་པོ་ཡིན་པར་གསུངས། གཡུ་རྙིང་ལ་དབྱེ་བ་གསུམ་སྟེ། སྔོ་ཞིང་དཀར་ལ་བཀྲག་མདངས་ཆེ་བ་མུན་པར་ཡང་མཐོང་བ་དེ་ལ་དྲུག་དཀར་དང༌། སྔོ་ཞིང་དམར་མདངས་ཆེ་ལ་སྣུམ་པར་དྲུག་དམར། དེ་གཉིས་ཟིལ་གྱིས་གནོན་པ་དྲུག་དཀར་ལས་ཅུང་སྔོ་བ་ལ་གཡུ་སྤྱང་ཟེར་ཏེ། སྨན་ལ་འདི་གསུམ་མཆོག་ཏུ་ནུས་པ་ཆེ། བར་གཡུ་ལའང་དབྱེ་བ་གཉིས་ཏེ། དྲུག་དཀར་འདྲ་ལ་དེ་ལས་བཀྲག་ཆུང་ཞིང་འོ་ཁ་ཅན་ལ་གཡུ་སྔོན་དང༌། དྲུག་དམར་ལས་ཅུང་གསར་པ་མདངས་ཞན་པ་ནི་བར་དམར་ཏེ། འདི་གཉིས་ནུས་པ་འབྲིང་བའོ། །གཡུ་གསར་ནི་རིགས་དབྱིབས་མ་ངེས་པ་གསར་ཉམས་ཅན་ལ་རྒྱ་གཡུ་སྟེ། གཡུ་བའུ་ཡང་ཟེར་བ་དང༌། ཤིན་ཏུ་གསར་པ་སྔོན་ནེ་འདྲ་ལ་རྡོ་སྲ་མཁྲེགས་དཀར་གོང་འདྲ་བ་འབྱར་བའི་འབྲུམ་པ་ཅན་གཡུ་རོ་དང༌། ཁ་དོག་ཞན་པ་སེར་དབྱིབས་གསར་རྙིང་མ་ངེས་པ་ལ་དྲུག་སེ་ཞེས་ངན་པའོ། །རོ་བསྐ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བ། ངོ་བོའི་ནུས་པས་མཆིན་ཚད་དང༌། དུག་ཚད། མིག་གི་ནད་སོགས་ལ་ཕན་པར་བྱེད། རིན་པོ་ཆེའི་རིགས་འདི་རྒྱན་ཆ་བྱེད་པའང་ཡོད།
Keyword True
Synonyms བཻ་རཱ་ཛ། རྡོ་ཡི་རྒྱལ་པོ། རིན་པོ་ཆེའི་རྒྱལ་པོ།

{{#arraymap:གཡུ་

|; |@@@ | | }}

གཡུ་ (2)
Part of speech མིང་ཚིག
Definition མདོག་ལྗང་གུ་མཚོན་པ་སྟེ།
Example གཡུ་མདོག་གི་རྩྭ་ཐང། ཡར་འབྲོག་གཡུ་མཚོ་ལྟ་བུ།

{{#arraymap:གཡུ་

|; |@@@ | | }}