103579

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སློག་ (1)
Part of speech བྱ་ཚིག
Definition ཕྱི་ནང་དང་སྟེང་འོག་གོ་ལྡོག་པའི་དོན།
Keyword True
Transitive བྱ་བྱེད་ཐ་དད་པ།
Future [བསློག, ཕྱི་ནང་བསློག་བྱའི་ལྭ་བ།]
Present [སློག, ཕྱི་ནང་སློག་མཁན།]
Past [བསློགས།, ལྭ་བ་ཕྱི་ནང་བསློགས་ནས་གྱོན།]
Imperative [སློགས།, ལུག་པགས་ཕྱི་ནང་སློགས་ཤིག་ལྟ་བུ།]

{{#arraymap:སློག་

|; |@@@ | | }}

སློག་ (2)
Part of speech བྱ་ཚིག
Definition འགྲོ་བཞིན་པའི་ཁ་ཕྱོགས་སྒྱུར་བའི་དོན།
Future [བསློག, རླངས་འཁོར་གྱི་ཁ་ཕྱོགས་བསློག་དགོས།]
Present [སློག, རྟ་ཁ་སློག་བྱེད་ཀྱི་སྲབ་སྐྱོགས།]
Past [བསློགས།, གློ་བུར་རྟ་ཁ་བསློགས་ནས་ཕྱིར་ལ་བལྟས།]
Imperative [སློགས།, ཁ་ཕྱིར་སློགས་ཤིག་ལྟ་བུ།]

{{#arraymap:སློག་

|; |@@@ | | }}

སློག་ (3)
Part of speech བྱ་ཚིག
Definition ས་སོགས་བརྐོ་བའམ་མངོན་པར་བླངས་པའི་དོན།
Future [བསློག, མཛེས་སྡུག་ལྡན་པའི་ཁོར་ཡུག་བསློག་ན་མི་བཟང་།]
Present [སློག, ས་སློག་བྱེད་ཀྱི་ལག་ཆ།]
Past [བསློགས།, ས་བསློགས་ནས་མཛེས་ལྗོངས་བརླགས།]
Imperative [སློགས།, ས་ཞིང་ཐ་རྒོད་སློགས་ཤིག་ལྟ་བུ།]

{{#arraymap:སློག་

|; |@@@ | | }}

སློག་ (4)
Part of speech བྱ་ཚིག
Definition གཡར་དངོས་ཕྱིར་བྱིན་པ་དང་། ཚོང་རྫས་ཀྱི་གོང་སོགས་མ་འགྲིག་པའམ་ལྷག་མ་ཕྱིར་སྤྲད་པའི་དོན།
Future [བསློག, གཡར་དངོས་དུས་ལྟར་ཕྱིར་བསློག་ངེས་ཡིན།]
Present [སློག, ཚོང་རྫས་ཕྱིར་སློག་བྱེད་ཀྱི་འགན་ཡིག]
Past [བསློགས།, འགན་ལེན་གྱི་ཆ་རྐྱེན་མ་ཚང་བས་ཚོང་རྫས་ཕྱིར་བསློགས་པ་ཡིན།]
Imperative [སློགས།, སྐུ་མཁྱེན་ཚོང་རྫས་ལ་སྐྱོན་ཡོད་པས་ཕྱིར་སློགས་རོགས་ལྟ་བུ།]

{{#arraymap:སློག་

|; |@@@ | | }}