10376

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཡུ་འབྲུག་དགོན་ (1)
Part of speech མིང་ཚིག
Definition རབ་བྱུང་བདུན་པའི་ཕྱེད་ཙམ་བྱོན་པའི་ཀཿཐོག་པ་ཁ་བ་དཀར་པོ་ནམ་མཁའ་ཆོས་ཀྱི་རྒྱ་མཚོས་རི་ཁྲོད་བཏབ་ནས་ཆོས་བརྒྱུད་འཛིན་པ། ཆོས་སྐྱོང་བྲན་དུ་ཁོལ་བའི་བླ་མ་རབ་འབྱམས་སོགས་བཞུགས་པ་ལས། ཕྱིས་རབ་བྱུང་བཅུ་གསུམ་ས་གླང་ལོར་གཏེར་ཆེན་ཀློང་གསལ་སྙིང་པོའི་སྲས། རིག་འཛིན་བསོད་ནམས་ལྡེའུ་བཙན་གྱི་གསང་སྲས་རྒྱལ་སྲས་ཨོ་རྒྱན་བསྟན་འཕེལ་གྱིས་དགོན་སྡེ་བཙུགས་ནས་དེ་ཚུན་ཆད་དགོན་མིང་ཆགས། རབ་བྱུང་བཅོ་ལྔ་པའི་ཤིང་བྱི་ཟླ་ ༣ པའི་ཚེས་ ༩ སི་ཏུ་ཆོས་ཀྱི་རྒྱ་མཚོའི་ཐུགས་བསྐྱེད་ལྟར། བཀའ་དགོངས་ཕུར་གསུམ་གྱི་བསྟན་པའི་སྲོལ་ཆེན་རྒྱུན་བཞག་མཛད། སྤྱི་ལོ་ ༡༩༨༢ ཆུ་ཁྱིའི་ལོར་རྒྱལ་སྲས་མེ་ལོང་སྤྲུལ་སྐུ་དང་། གཡུ་སྤྲུལ་བསོད་ནམས་རྒྱ་མཚོ་གཉིས་ཀྱི་ཐུགས་བསྐྱེད་ལྟར། བླ་མ་བློ་གྲོས་བཟང་པོ། བརྩོན་འགྲུས་བཟང་པོ་སོགས་ཀྱིས་དགོན་པ་གསར་བཞེངས་ཐོག བོད་ཆུ་རྟ་ལོར་ཀཿཐོག་ནས་མཁན་པོ་མངག་ནས་རྒྱལ་བ་ཀཿཐོག་པའི་རིང་ལུགས་འཛིན་སྐྱོང་སྤེལ་གསུམ་གནང་།

{{#arraymap:གཡུ་འབྲུག་དགོན་

|; |@@@ | | }}

གཡུ་འབྲུག་དགོན་ (2)
Part of speech མིང་ཚིག
Definition དགོན་འདི་བོད་མདོ་ཁམས་ཆབ་མདོ། ལྷ་ཐོག་གཡུ་ཤོས་གཞུང་ཞེས་པའི་ཡུལ། དགེ་མཚན་ཕུན་སུམ་ཚོགས་པའི་རི་ཞོལ་ཞིག་ཏུ་གུར་གྱི་སྒར་བྱས་ཏེ། དགོན་སྡེ་ཕྱག་བཏབ་ཁམས་པ་པོ། ཀརྨ་བསྟན་འཕེལ་གྱི་ཞལ་སློབ་རྒྱ་མཚོ་རྣམ་དགུའི་ཡ་གྱལ་ངག་དབང་སྒྲུབ་བརྒྱུད་རྒྱ་མཚོས་ཕྱག་བཏབ། འབྲུག་པ་སྒྲུབ་བརྒྱུད་རྒྱ་མཆོ་ནི་རབ་བྱུང་བཅུ་པའི་ལྕགས་རྟ་ ༡༥༧༠ ལོར་སྐུ་འཁྲུངས། མེ་གླང་ཕྱི་ལོ་ ༡༦༣༦ མྱ་ངན་ལས་འདས། སྐུ་ཕྲེང་གཉིས་པ། ཡོན་ཏན་རྒྱ་མཚོ། སྐུ་ཕྲེང་གསུམ་པ། ངག་དབང་བདེ་ཆེན་རྒྱ་མཚོ། སྐུ་ཕྲེང་བཞི་པ། ལུང་རྟོགས་རྒྱ་མཚོ། སྐུ་ཕྲེང་ལྔ་པ། ཆོས་དབྱིངས་རྒྱ་མཚོ། སྐུ་ཕྲེང་དྲུག་པ། ཡེ་ཤེས་རྒྱ་མཚོ། སྐུ་ཕྲེང་བདུན་པ། མཁྱེན་རབ་རྒྱ་མཚོ། སྐུ་ཕྲེང་བརྒྱད་པ། ངག་དབང་ལུང་རིགས་སྨྲ་བའི་ཉི་མའམ་ཚོགས་གཉིས་རྒྱ་མཚོ་བཅས་བྱོན་ནས་དེང་གི་བར་ཉམས་མེད་དུ་གནས་ཡོད། རྒྱ་དམར་གྱི་དུས་འགྱུར་རིག་གནས་གསར་བརྗེའི་སྐབས་དགོན་པ་སྤྱི་མཚུངས་བཞིན་གྱང་རལ་དང་དགོན་སྟོང་དུ་བཟོས། རྗེས་སུ་དགོན་པ་སླར་གསོ་ཞུས་པའི་སྐོར། གྲུབ་པའི་དབང་ཕྱུག་ཀརྨ་ནོར་བུ་དང་། དཔལ་སྤུངས་སི་ཏུ་རིན་པོ་ཆེ་སོགས་དམ་པ་དུ་མའི་ཐུགས་བཞེད་བཞིན། སྔར་གྱི་གདན་ས་ལས་གཞན་ཕོ་བྲང་ཁ་ཞེས་པའི་རི་ཞོལ་དུ་རབ་བྱུང་བཅོ་ལྔ་པའི་ལྕགས་སྤྲེལ་ཕྱི་ལོ་ ༡༩༨༠ ལོར་དེ་སྔོན་དགོན་དེ་གའི་བླ་རྒན་ཀུན་རྒྱམ་ལགས་དང་། དཔལ་ཚེ་ལགས། ཀུན་བཟང་འཕྲིན་ལས་ལགས་སོགས་ནས་གཙོ་འགན་བཞེས་ཏེ་གདན་ས་གསར་དུ་བཏབ་ཅིང་། གཙུག་ལག་ཁང་དང་དགེ་འདུན་གྱི་འདུ་ཁང་བཅས་གསར་བཞེངས་དང་ ༡༩༨༥ ལོར་ཚེ་སྤྲུལ་སྐུ་ཕྲེང་ལྔ་པ་དང་། ཡོན་སྤྲུལ་སྐུ་ཕྲེང་ལྔ་པ་ཁྲི་ལ་བཀོད་པ་སོགས་འདི་ཕྱི་ཀུན་ཏུ་ཕན་བདེའི་འོད་སྣང་དཀར་པོ་སྦྱིན་དང་སྦྱིན་བཞིན་པ་ལགས་སོ། །

{{#arraymap:གཡུ་འབྲུག་དགོན་

|; |@@@ | | }}