10377

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཡུ་འབྲུག་དང་པོ་སྒྲུབ་བརྒྱུད་རྒྱ་མཚོ་ (1)
Part of speech མིང་ཚིག
Definition ཁོང་ནི། རབ་བྱུང་བཅུ་པའི་ལྕགས་རྟ་ཕྱི་ལོ་ ༡༥༧༠ ལོར་མདོ་སྨད་ཁམས་ཀྱི་རི་གྲོང་ཞིག་ཏུ་སྐུ་འཁྲུངས། གཞོན་ནུའི་དུས་ནས་ཉིད་ཀྱི་རིགས་བདག་ཁམས་ཀརྨ་བསྟན་འཕེལ་གྱི་མདུན་ནས་རབ་ཏུ་བྱུང་སྟེ་མདོ་སྔགས་ཀྱི་རིག་གཞུང་ཀུན་ལ་སྦྱངས་པ་མཐར་ཕྱིན་མཛད་ཅིང་། མི་རིང་བར་ཐུགས་རྒྱུད་ཀྱི་ཞིང་ས་གཤིན་པོར་ཉམས་རྟོགས་ཀྱི་མྱུ་གུ་འཁྲུངས། མཁས་པ་དང་གྲུབ་པའི་ས་མཐོན་པོར་གཤེགས་ཤིང་། མཚན་གྱི་སྙན་པ་ཕྱོགས་ཀྱི་བུ་མོའི་འགྲམ་པ་ལ་བཀོད། ལྷ་ཐོག་གཡུ་ཤོས་གཞུང་ཞེས་པའི་ཡུལ་དེའི་དགེ་མཚན་ཕུན་སུམ་ཚོགས་པའི་རི་ཞོལ་ཞིག་ཏུ་གུར་གྱི་སྒར་བྱས་ཏེ། དགོན་སྡེ་ཞིག་གསར་དུ་ཕྱག་བཏབ་སྟེ། སྤྱིར་ཁམས་སྤྲུལ་སྐུ་ཕྲེང་དང་པོ་གྲུབ་ཆེན་ཀརྨ་བསྟན་འཕེལ་གྱི་བུ་སློབ་གཙོ་བོ་འཛི་སྒར་བསོད་ནམས་རྒྱ་མཚོ་དང་། འཁྲུལ་ཞིག་ཕྲིན་ལས་རྒྱ་མཚོ། གྲུ་གུ་ཆོས་རྒྱལ་རྒྱ་མཚོ་སྟེ་རྒྱ་མཚོ་རྣམ་གསུམ་དང་། དགོན་ཕུ་གཞན་ཕན་རྒྱ་མཚོ། གུ་ཕུ་མ་ཎི་བྱམས་པ་རྒྱ་མཚོ། འཇོ་ཕུ་ཆོས་བློ་རྒྱ་མཚོ། དྷི་ཕུ་དམར་རྫ་རྒྱ་མཚོ། ནུབ་དགོན་ཆོས་རྒྱལ་རྒྱ་མཚོ། འབྲུག་པ་སྒྲུབ་བརྒྱུད་རྒྱ་མཚོ་སྟེ་རྒྱ་མཚོ་རྣམ་དགུ་དང་། བསྟན་འཕེལ་ཀུན་བཟང་རྒྱ་མཚོ། ཤག་དགོན་ཤཱཀྱ་རྒྱ་མཚོ། པད་རྙིང་ཀརྨ་རྒྱ་མཚོ། མ་དགོན་མཁར་དམར་རྒྱ་མཚོ་སྟེ། རྒྱ་མཚོ་བཅུ་གསུམ་གྱི་མཚན་གྱིས་སྒེག་པ་སོགས་ཀྱིས་མཚོན་མཁས་དང་གྲུབ་པའི་ཚང་ཆེན་པོ་བརྡོལ་ནས་མདོ་ཁམས་ཀྱི་ལྗོངས་ཀུན་ཏུ་སློབ་མ་དང་ཡང་སློབ་ཀྱི་ཆོས་གཞི་དང་སྒྲུབ་གནས་ཀྱིས་མ་ཁྱབ་པ་མེད་པ་ཞིག་ཏུ་གྱུར། གཡུ་འབྲུག་དགོན་འདིའི་ཕྱག་ཐོག་མར་བཏབ་པ་པོ་དང་ཁྲི་འཛིན་དང་པོ་ཡིན་པ་དང་། རང་དོན་རྟོགས་པའི་རྒྱལ་ཐབས་བརྙེས་ཤིང་གཞན་དོན་ཐུགས་རྗེའི་མཛད་འཕྲིན་ཁྱད་པར་དུ་འཕགས་པའི་དཔལ་ལྡན་འབྲུག་པ་བཀའ་བརྒྱུད་ཀྱི་གྲུབ་བརྙེས་ཆེན་པོ་ཞིག་ཡིན་འདུག མཐར་དགུང་གྲངས་རེ་བདུན་རབ་བྱུང་བཅུ་གཅིག་པའི་མེ་གླང་ཕྱི་ལོ་ ༡༦༣༦ ལོར་ཞི་བའི་དབྱིངས་སུ་དགྱེས་པའི་སྤྱན་གྱིས་གཟིགས།

{{#arraymap:གཡུ་འབྲུག་དང་པོ་སྒྲུབ་བརྒྱུད་རྒྱ་མཚོ་

|; |@@@ | | }}