103955

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཧལ་ཧ་རྗེ་བཙུན་སྐུ་ཕྲེང་དྲུག་པ་བློ་བཟང་བསྟན་པའི་རྒྱལ་མཚན་ (1)
Part of speech མིང་ཚིག
Definition དམ་པ་འདི་ཉིད་རབ་བྱུང་བཅུ་བཞི་བའི་ཆུ་ཡོས་ཕྱི་ལོ་ ༡༨༤༣ ལོར། ཡུལ་དབུས་ལྷ་ལྡན་དུ་ཡབ་བསོད་ནམས་དང་ཡུམ་ལྔ་ཆོག་གཉིས་ཀྱི་སྲས་སུ་འཁྲུངས། པཎ་ཆེན་སྐུ་ཕྲེང་བདུན་པས་སྐུ་གོང་མའི་ཡང་སྲིད་དུ་ངོས་བཟུང་། དགུང་ལོ་དྲུག་པར་ཆེན་པོ་ཧོར་གྱི་ཡུལ་དུ་གདན་དྲངས་ནས་ཁལ་ཁར་གདན་ས་ཁུ་རེ་ཆེན་མོར་གསེར་ཁྲིར་མངའ་གསོལ། ཞག་ཤས་སོང་རྗེས་དགོངས་པ་རྫོགས། བྱ་ཁྱུང་གདན་རབས་སུ་དགུང་ལོ་བདུན་སྟེང་གཤེགས་པར་གསུངས།

{{#arraymap:ཧལ་ཧ་རྗེ་བཙུན་སྐུ་ཕྲེང་དྲུག་པ་བློ་བཟང་བསྟན་པའི་རྒྱལ་མཚན་

|; |@@@ | | }}