104020

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཧི་མ་ལ་ཡ་ (1)
Part of speech མིང་ཚིག
Definition བོད་སྐད་དུ་རི་བོ་གངས་ཅན་ཏེ། རི་བོ་འདི་ནི་འཛམ་གླིང་ཐོག་གི་རི་རྒྱུད་མཐོ་ཤོས་དང༌ཆེ་ཤོས་ཤིག་ཡིན་ཞིང་། བོད་ཀྱི་ལྷོ་ནུབ་ས་མཚམས་ཀྱི་རི་རྒྱུད་ཅིག་སྟེ། ནུབ་པ་ཀི་སི་ཐན་གྱི་བྱང་མཐའ་ནས་རྒྱ་གར་དང་། ལ་དྭགས། བལ་པོ། འབྲས་ལྗོངས། འབྲུག་ཡུལ། དེང་གི་བོད་ཀྱི་མེ་ཏོག་རྫོང་ནས་ཡར་ཀླུང་གཙང་བོ་ཨར་ནར་ཅར་གྱི་ས་ཁོངས་སུ་འབབ་སའི་དཀྱོགས་མཚམས་བར་དུ་བརྐྱངས་པའི་རི་རྒྱུད་ཤིག་སྟེ། རིང་ཚད་སྤྱི་ལེའམ་སྟོང་སྨི་(km)(༢༤༥༠) ཙམ་དང༌། ཞེང་ཚད་ལྷོ་ནས་བྱང་བར་སྤྱི་ལེ་(༢༠༠)ནས(༣༥༠) བར་ཡོད་པ། མཐོ་ཚད་ཆ་སྙོམས་བྱས་ན་རྒྱ་མཚོའི་ངོས་ལས་སྤྱི་ཁྲུ་(meters)(༦༠༠༠) ཙམ་གྱིས་མཐོ་ཚད་ཡོད་ཅིང། དེའི་ནང་ནས་མཐོ་ཤོས་ཇོ་མོ་གླང་མ་ནི་རྒྱ་མཚོའི་ངོས་ལས་སྤྱི་ཁྲུ་(meters)(༨༨༤༨) ལྷག་ཙམ་གྱི་མཐོ་ཚད་ཡོད་པའི་རི་རྒྱུད་ཅིག་ཡིན།
Foreign རྒྱ་གར།

{{#arraymap:ཧི་མ་ལ་ཡ་

|; |@@@ | | }}