104124

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཧེ་རུ་དགོན་ (1)
Part of speech མིང་ཚིག
Definition དགོན་འདི་ནི་གླིང་གི་བླ་མ་ཡེལ་པ་གྲུབ་ཐོབ་ཡེ་ཤེས་བརྩེགས་ཀྱི་གདན་ས། ཀཉྩའི་གནས་ལྷག་རྟ་རྣ་བདེ་མཆོག་ཕོ་བྲང་གི་གཡས་ལུང་། སེང་གཞུང་གསེར་མོ་ལྗོངས་སམ་བཅུད་ཀྱི་སྦས་ཡུལ་གྲོ་མ་ལྗོངས་ཞེས་གྲགས་པ། ཕྱིས་སུ་ཡུལ་གཞན་གང་གིས་ཀྱང་འགྲན་མི་བཟོད་པ། མེ་ཏོག་འདྲ་མིན་རྣམ་པ་སྣ་ཚོགས་སུ་བཀྲ་བ་རྒྱུ་མཚན་དུ་བྱས་ཏེ་ཕྱོགས་གཞན་གྱི་མིས་མེ་ཏོག་གདོང་། མེ་ཏོག་སེར་ལུ་སོགས་མིང་འདྲ་མིན་འགའ་རེའང་བཏགས་ཤིང་། ཡུལ་སྤྱི་ལ་མིང་མེ་གཞུང་དུ་ཆགས། དེ་ཉིད་ཕྱིས་སུ་ཟུར་ཆག་ནས་རྨེ་གཞུང་ཞེས་སུ་འབོད་པ། མཚོ་སྔོན་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་ཀ་གཞུང་གྲོང་པའི་ས་ཆ་རྨེ་གཞུང་དུ་ཡོད། དུས་རབས་བཅུ་གཅིག་པའི་ནང་ཡེལ་པའི་སློབ་མ་རྟོགས་པ་མཐར་ཕྱིན་འབྱོ་བླ་མ་ཆོས་སྐུ་དུང་གི་ཞལ་ཚོམ་ཅན་ཞེས། འདི་སྐོར་རྙིང་ཡེལ་འདྲེས་མའི་ཆོས་བརྒྱུད་ཡིན། རྒྱལ་དབང་བདེ་ཆེན་རྡོ་རྗེའི་དུས་ནས་རྙིང་འབྲུག་འདྲེས་མར་གྱུར། ཕྱིས་དུས་རབས་ཉི་ཤུ་པའི་ནང་པང་གཞུང་སྤྲུལ་སྐུ་པདྨ་འཕྲིན་ལས་རྒྱ་མཚོས་གདན་སའི་ཁུར་བཞེས་ཏེ། བཤད་སྒྲུབ་ཆོས་ཀྱི་སྡེ་ཆེན་པོ་བཙུགས། འདི་ནས་བཟུང་རྙིང་འབྲུག་ཀར་གསུམ་གྱི་ཆུ་བོ་གཅིག་འདྲེས་སུ་གྱུར། མཆོག་གླིང་གཉིས་པ། འཛི་སྒར་ཀོང་སྤྲུལ་སངས་རྒྱས་མཉན་པ། དིལ་ཡག་ཟླ་བཟང་སྤྲུལ་སྐུ། ཚང་གསར་བློ་གྲོས་རིན་ཆེན། གཟུ་རུ་ཇོ་སྐྱབས། བླ་མ་ཨ་སྤེན། རྟ་རྣ་དབང་སྐྱིད། གདོང་སྲས་མཆེད་གསུམ་སོགས་མདོར་ན་ས་དགེ་བཀའ་རྙིང་བོན་དང་བཅས་པའི་སློབ་ཚོགས་རྡུལ་གྱི་གྲངས་དང་མཉམ་པ་བྱོན་ནས་རིས་མེད་ཆོས་ཀྱི་མདུན་ས་ཆེན་པོར་གྱུར། རྒྱ་དམར་གྱི་རིག་གནས་གསར་བརྗེའི་དུས་རྐྱེན་འོག་བོད་སྤྱི་དང་མཐུན་པར་དགོན་འདིའང་འཐོར་བརླག་ཏུ་སོང་། སླར་ཡང་གུ་ཡང་གི་སྲིད་ཇུས་སྐབས་སུ་མཆོག་གླིང་སྤྲུལ་སྐུ་འབྱོ་བླ་མ་པདྨ་འགྱུར་མེད་མཆོག་ནས་གཙོ་འགན་བཞེས་ཏེ། ཁྱུང་སྤྲུལ་ཡང་སྲིད་ངོས་འཛིན་སྐབས་རྒྱལ་དབང་རིག་པའི་རྡོ་རྗེ་དང་། འབྲུག་པ་ཆོས་མགོན་ཟུང་ནས་ལུང་འཛིན་གནང་བ་ལྟར་བོན་དཀར་ཆོས་དབྱིངས་རྒྱ་མཚོ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ་ཏེ་མཆོག་སྤྲུལ་རྣམ་གཉིས་ཀྱིས་དབུ་འཛིན་གནང་། སྡེ་དགོན་ཚང་མས་ལྷག་བསམ་དཀར་བས་ནུས་པ་ཡོད་དགུ་བཏོན་ཏེ། རྟེན་དང་བརྟེན་པར་བཅས་པ་གསར་དུ་བཞེངས། ནང་བསྟན་དགེ་འདུན་གྱི་སྡེ་བླ་གྲྭ་ལྔ་བཅུ་ཡས་མས་ཙམ་བཞུགས། སྒྲུབ་མཆོད་སྐོར། སྐུ་གསུམ་གསང་འདུས་སྒྲུབ་ཆེན། དགུ་ཆུང་དགུ་ཆེན། ཕུར་པ་དང་རྡོར་སེམས་གང་རུང་གི་སྒྲུབ་ཆེན། སྨྱུང་གནས། ལྕོགས་ན་བཀའ་འགྱུར་དག་འདོན་བཅས་ལོ་ལྟར་རྒྱུན་ཆགས་སུ་ཡོད། སྒྲུབ་ཁང་ནང་དུ་སྒྲུབ་བླ་བརྒྱད་དགུ་ནས་ལྔ་དྲུག་བར་ཡོད་པའི་སྒྲུབ་ཐེངས་བཞི་བཙུགས་ནས་ཕྱག་ཆེན་ཆོས་དྲུག་གཙོ་བོར་གྱུར་པའི་རྒྱུད་སྡེའི་ཉམས་ལེན་ལ་འབད་བཞིན་པ་བཅས་ཀྱིས་བླ་གྲྭ་དང་མི་དམངས་ཡོངས་ནས་ཉམས་གསོ་བྱེད་བཞིན་པའོ། །

{{#arraymap:ཧེ་རུ་དགོན་

|; |@@@ | | }}