104172

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཧོར་གཙང་གསེར་ཁྲི་སྐུ་ཕྲེང་དྲུག་པ་ (1)
Part of speech མིང་ཚིག
Definition རྗེ་བློ་བཟང་དཔལ་ལྡན་རྒྱ་མཚོ་དཔལ་བཟང་པོ་ནི། མདོ་སྨད་ཡུལ་སྐྱོང་ཆེན་པོ་གཡུ་རྨིག་གི་ཉེ་འདབས་དར་ལུང་ཞེས་བྱ་བར་ཁྲོ་ཁོ་ནུར་མའི་དབལ་ཤུལ་གྱི་རིགས་ལས་ཡབ་ཚེ་རྡོར་དང་ཡུམ་ཤིས་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་བའི་ཆུ་གླང་ཕྱི་ལོ་ ༡༩༡༣ ལོར་སྐུ་འཁྲུངས། རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོའི་ཞལ་སྔ་ནས་རབ་བྱུང་དང་དགེ་ཚུལ་གྱི་བསླབ་ཁྲིམས་མནོས། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས། དགུང་ལོ་ལྔ་དྲུག་ཙམ་ལས་མ་བཞེས་ཀྱང་དཔེ་མང་ནང་ནས་རྗེ་གོང་མའི་ཕྱག་དཔེ་བསྣམས་ནས་འདི་ངའི་ཡིན་ཞེས་སྔོན་གནས་རྗེས་དྲན་གྱི་མཚན་མ་མང་དུ་བསྟན། སྒྲོལ་དཀར་ལྷ་ཁང་རྟེན་དང་བརྟེན་པ་ལེགས་པར་བཞེངས། ཤིས་ཚང་སྒར་གྱི་ཁྲིར་བཞུགས། དངུལ་རྭའི་དགོན་གྱི་ཁྲི་བའང་མཛད། བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་ཁྲིར་ལོ་གསུམ་བཞུགས། དགུང་ལོ་ཞེ་དྲུག་པ་རབ་རྒྱལ་ས་ཁྱི་ཕྱི་ལོ་ ༡༩༥༨ ལ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་སོ། །

{{#arraymap:ཧོར་གཙང་གསེར་ཁྲི་སྐུ་ཕྲེང་དྲུག་པ་

|; |@@@ | | }}