104195

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཧོར་པོ་ཤཱཀྱ་རྡོ་རྗེ་ (1)
Part of speech མིང་ཚིག
Definition ཁོང་ནི་རིག་པའི་གནས་ཀུན་ལ་ཐོས་བསམ་གྱི་ཤེས་རབ་མེ་ལྟར་འབར་ཞིང་མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་ལ་ཐོགས་མེད་མཁྱེན་པའི་སྤྱན་གྱིས་གཟིགས་པས་མཁས་པའི་སྙན་པ་ཧ་ཅང་ཆེ། ཁྱད་པར་གསང་སྔགས་ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་དབང་ཁྲིད་མན་ངག་དང་བཅས་པ་ཀུན་མཁྱེན་དམ་པ་ཡབ་སྲས་ཀྱི་བཀའ་སྲོལ་ལྟར་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་ལྷག་པར་དར་བར་མཛད་པས་སྔ་འགྱུར་བསྟན་པ་ཡོངས་ཀྱི་མངའ་བདག་ཏུ་གྱུར། ཐེག་པ་སྤྱིའི་རྣམ་བཤད་ཀུན་འདུས་རིག་པའི་སྒྲོན་མེ་སོགས་བསྟན་བཅོས་མང་དུ་མཛད་པ་རྣམས་ནི་བཀའ་སྡེ་ཟུར་པ་ཡབ་སྲས་ཀྱི་བཤད་སྲོལ་མ་ཉམས་པ་རང་རྐང་གི་གྲུབ་མཐའ་གཏན་ཚིགས་དང་ལུང་རིགས་རྣོན་པོས་གཏན་ལ་ཕབ་པས་འགྲན་ཟླ་མེད་པའི་གསུང་ངོ་མཚར་ཅན་མང་པོ་བཞུགས་པས་མཁས་གྲུབ་ཆེན་པོ་རྣམས་ཀྱིས་བསྔགས་པའི་མེ་ཏོག་འཐོར་བ་སྟེ། མངའ་རིས་པཎྜིཏ་པདྨ་དབང་གི་རྒྱལ་པོའི་ཞལ་ནས། བོད་ཡུལ་ཁ་བ་ཅན་ལྗོངས་འདིར། །ཐེག་པ་རིམ་དགུའི་རྣམ་བཤད་དང༌། །ཁྱད་པར་ཨ་ཏི་ཡོ་ག་ཡི། །ལམ་སྲོལ་ཟབ་ཁྱད་འབྱེད་པ་ལ། མཁས་གྲུབ་མང་དུ་བྱོན་གྱུར་ཀྱང༌། །འགྲན་ཟླ་ཀུན་དང་བྲལ་བ་ཡི། །སྤྲུལ་སྐུ་ཀློང་ཆེན་རབ་འབྱམས་དང༌། །ཀཿཐོག་ཤཱཀྱ་རྡོ་རྗེ་ཞེས། །ཉི་ཟླ་ལྟ་བུར་གྲགས་པ་ཡིན། །ཞེས་སོགས་བསྔགས་པ་དང༌། ཀུན་མཁྱེན་རིག་འཛིན་མེད་གླིང་པ་དང༌། ཞེ་ཆེན་པདྨ་རྣམ་རྒྱལ་སོགས་མཁས་གྲུབ་ཆེན་པོ་རྣམས་ཀྱི་སྔ་འགྱུར་གྱི་མཁས་པ་ཆེན་པོ་ཀུན་མཁྱེན་རོང་ཀློང་ཤཱཀ་གསུམ་ཞེས་ཆེ་བརྗོད་མཛད་པ་ལྟར་རྩོད་བྲལ་གྱི་མཁས་གྲུབ་དམ་པའོ། །

{{#arraymap:ཧོར་པོ་ཤཱཀྱ་རྡོ་རྗེ་

|; |@@@ | | }}