104373

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཨ་ཁྱུང་ངག་དབང་མཁྱེན་རབ་ (1)
Part of speech མིང་ཚིག
Definition དུས་རབས་བཅོ་བརྒྱད་པའི་སྟོད་དུ་འཁྲུངས། ཨ་ཁྱུང་དྲུང་རམས་པ་མཁས་མཆོག་ཡེ་ཤེས་ཀྱི་སྤྲུལ་སྐུ་ཡིན། གཞོན་དུས་ནས་གྲུབ་ཆེན་ངག་དབང་བློ་བཟང་བསྟན་འཛིན་དང་། རྔ་རྒོད་ནམ་མཁའ་སེང་གེ། མཁན་ཆེན་དྲུང་ཡིག་བློ་བཟང་རྒྱ་མཚོ་སོགས་བཤེས་གཉེན་མང་པོ་བསྟེན། མདོ་སྔགས་རིག་གནས་ཀུན་ལ་མཁས་པར་སྦྱངས། མདོ་སྔགས་གཉིས་ཀྱིས་འཆད་ཉན་མཛད། བསྟན་འགྲོའི་དོན་འབའ་ཞིག་བསྒྲུབས། གསུང་རྩོམ་ནི་མཚམས་སྦྱོར་ལྔ་པའི་འགྲེལ་བ་དང་། གཞི་ལམ་འབྲས་གསུམ་གྱི་རྣམ་གཞག གང་བློའི་འགྲེལ་བ། སྡེབ་སྦྱོར་ངོ་མཚར་རྟོགས་བྱེད། སུམ་ཅུ་པའི་དཔེར་བརྗོད། སྙན་ངག་དབྱངས་ཅན་པི་ཝང་། ཁྱུང་ཁྲའི་མངོན་རྟོགས་ལོ་རྒྱུས་བཅས་པོད་གཅིག་བཞུགས། མཚན་གཞན། འཇམ་དབྱངས་བསྟན་འཛིན་དབང་རྒྱལ།

{{#arraymap:ཨ་ཁྱུང་ངག་དབང་མཁྱེན་རབ་

|; |@@@ | | }}