10447

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཡུང་སྟོན་རྡོ་རྗེ་དཔལ་བ་ (1)
Part of speech མིང་ཚིག
Definition རབ་བྱུང་ལྔ་པའི་ཤིང་སྤྲེལ་ཕྱི་ལོ་ ༡༢༨༤ ལོར་ཚོང་འདུས་སུ་འཁྲུངས། གདུང་རུས་གླན་ཡིན། གཞོན་དུས་ནས་སྔགས་གསར་རྙིང་དང་མཚན་ཉིད་ལ་ཡང་ཤིན་ཏུ་མཁས། ཤངས་པ་ཤཱཀྱ་འབུམ་ལས་གཤིན་རྗེའི་སྐོར་ལེགས་པར་གསན། འཁྲུལ་འཁོར་ལས་སྦྱོར་སོགས་ལ་མཁས། གཞོན་ནུའི་སྐབས་སུ་རྒྱ་ཡུལ་དུ་བྱོན། ཆོས་རྗེ་རང་བྱུང་རྡོ་རྗེ་དང་བུ་སྟོན་རིན་ཆེན་གྲུབ་གཉིས་ལས་དུས་འཁོར་ལེགས་པར་གསན། རྫོགས་ཆེན་པོ་སོགས་ལ་ཉམས་ལེན་མཛད། ཕུང་པོ་རི་བོ་ཆེ་དང་ར་དུམ་བྲག་ལ་སོགས་པའི་གནས་སུ་བཞུགས། གཞན་དོན་རྒྱ་ཆེན་པོ་མཛད། སྔགས་ཀྱི་སངས་རྒྱས་དང་མཚན་ཉིད་ཀྱི་སངས་རྒྱས་གཉིས་ཀྱི་ཁྱད་འབྱེད་མཛད་པ་གཡག་སྡེ་པཎ་ཆེན་གྱིས་གཟིགས་པས་ཤིན་ཏུ་དད་དེ། དཔོན་སློབ་བཅོ་ལྔ་དང་མཉམ་དུ་ཕུང་པོ་རི་བོ་ཆེར་བྱོན། ཞབས་ལའང་གཏུགས། ཆོས་མང་དུ་གསན། སྐུ་ཚེའི་སྨད་ལ་ཚོགས་པ་ཆོས་ལུང་པ་ལས་བསྙེན་པར་རྫོགས། མཚན་ལ་རྡོ་རྗེ་འབུམ་ཞེས་གསོལ། རྗེས་སུ་རྡོ་རྗེ་དཔལ་བ་ཞེས་སུ་བསྒྱུར། གྱ་གཉིས་པ་རབ་བྱུང་དྲུག་པའི་ཤིང་སྦྲུལ་ཕྱི་ལོ་ ༡༣༦༥ ལོར་སྐུ་གཤེགས། སྒྱུ་འཕྲུལ་གཙོ་བོ་མཛད་པའི་གསང་སྔགས་རྙིང་མའི་སློབ་དཔོན་ཆེན་པོ་ཞིག་ཡིན།

{{#arraymap:གཡུང་སྟོན་རྡོ་རྗེ་དཔལ་བ་

|; |@@@ | | }}